འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་མཛེས་རྩལ་ཁང་དུ"མཚོ་སྔོན་གྱི་ཐང་གའི་སྒྱུ་རྩལ་རྩེ་གྲའི་འགྲེམ་སྟོན"སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་18ཉིན། 16:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀྲུང་གོའི་མཛེས་རྩལ་ཁང་དུ'མཚོ་སྔོན་གྱི་ཐང་གའི་སྒྱུ་རྩལ་རྩེ་གྲའི་འགྲེམ་སྟོན'སྤེལ་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་17ཉིན། "གངས་ལྗོངས་ཀྱི་སྙིང་བཅུད། བཟོ་བོས་ཕུགས་འདུན་བསྐྲུན་ཞེས་པའི་མཚོ་སྔོན་གྱི་ཐང་ག་བཞེངས་པའི་སྒྱུ་རྩལ་རྩེ་གྲ་འགྲེམས་སྟོན"དེ་ཀྲུང་གོའི་མཛེས་རྩལ་ཁང་དུ་སྤེལ་འགོ་ཚུགས་པ་རེད། འགྲེམས་སྟོན་དུ་རེབ་གོང་གི་ཐང་ག་གཙོ་བོ་བྱས་ཡོད་ལ། བརྩམས་ཆོས་དག་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་དང་། ཡུལ་ཤུལ། མགོ་ལོག མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཅས་ནས་ཡིན་པའི་ལྷ་རིས་པ་རྒན་དར་གཞོན་གསུམ་31གིས་བཞེངས་གནང་བའི་བརྩམས་ཆོས་རྩེ་གྲ་48བཀྲམས་ཡོད་པ་དང་། བརྩམས་ཆོས་ཀྱི་རིགས་ལ་ནི་ཚོན་ཁྲའི་ཐང་ག་དང་། དམར་ཐང་། ནག་ཐང་། གསེར་ཐང་སོགས་ཡོད་པ་རེད།
         མཚོ་སྔོན་གྱི་ཐང་གའི་སྒྱུ་རྩལ་འབྱུང་ཡུལ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རེབ་གོང་ས་ཆ་ཡིན་པ་རེད། རེབ་གོང་གི་སྒྱུ་རྩལ་ནི་ཐང་ག་དང་ཚོན་འབག འཚེམ་དྲུབ། ཤིང་བརྐོས་བཅས་ལས་གྲུབ་ཡོད་པ་རེད།
    【1】  【2】  【3】  【4】
    ༄༅།།ཀྲུང་གོའི་མཛེས་རྩལ་ཁང་དུ'མཚོ་སྔོན་གྱི་ཐང་གའི་སྒྱུ་རྩལ་རྩེ་གྲའི་འགྲེམ་སྟོན'སྤེལ་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།