འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཟི་ལིང་གིས་མ་དངུལ་སྒོར་དུང་ཕྱུར་གཅིག་བརྒལ་བའི་ཤེས་ལྡན་པ་གསར་སྤེལ་གྱི་ཐེབས་རྩ་
    འཛུགས་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་24ཉིན། 11:32】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་22ཉིན། གསར་འགོད་པར་ཟི་ལིང་གྲོང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་གསལ། 《ཟི་ལིང་གྲོང་ཁྱེར་གྱི་རིམ་པ་མཐོ་བའི་གསར་གཏོད་ལས་གཏོད་ཀྱི་ཤེས་ལྡན་པ་ནང་འདྲེན་དང་གསོ་སྐྱོང་གི་བསམ་འཆར་(ཚོད་ལྟའི་ལག་བསྟར་)》གྱི་བརྡ་ཐོ་(གཤམ་དུ་《བསམ་འཆར་》ཞེས་བསྡུ་རྒྱུ་)》ཚེས་22ཉིན་པར་འགྲེམས་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 《བསམ་འཆར་》བཏོན་པའི་དམིགས་ཡུལ་ནི་ཟི་ལིང་འདི་ཉིད་མཚོ་སྔོན་ཞིང་ཆེན་གྱི་གསར་གཏོད་ལས་གཏོད་ཀྱི་ཤེས་ལྡན་པ་ཚད་མཐོའི་གཅིག་སྡུད་ས་ཁུལ་དང་ལེགས་ལྡན་ཁྱད་ལྡན་གྱི་ཚན་རྩལ་ཤེས་ལྡན་པ་ཚད་མཐོའི་གཅིག་སྡུད་ས་ཁུལ་དུ་འགྱུར་བར་བྱས་ཏེ་ཐོན་ལས་དང་གྲོང་ཁྱེར་ཕྱོགས་བསྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།
         《བསམ་འཆར་》ནང་ཟི་ལིང་གིས་གཞི་ཁྱོན་སྒོར་དུང་ཕྱུར་1ལས་བརྒལ་བའི་ཤེས་ལྡན་པ་གསར་སྤེལ་གྱི་ཐེབས་རྩ་བཙུགས་ནས་ལོ་གསུམ་ནང་འཁོར་སྐྱོད་བེད་སྤྱད་དེ་གསར་གཏོད་ལས་གཏོད་ལ་འདེགས་སྐྱོར་དང“ཤེས་ལྡན་པ་ནང་འདྲེན་དང་བསྡུ་སྒྲིལ་གྱི་555འཆར་གཞི”ལག་བསྟར་བྱ་རྒྱུ་ཡིན་པ་རེད། ལོ་ལྟར་རིམ་པ་མཐོ་བའི་གསར་གཏོད་ལས་གཏོད་ཀྱི་ཤེས་ལྡན་པ་50ཙམ་ནང་འདྲེན་དང་། ས་ཆ་དེ་གའི་གསར་གཏོད་ལས་གཏོད་ཀྱི་ཤེས་ལྡན་པ་50ཙམ་གསོ་སྐྱོང་། གསར་གཏོད་ལས་གཏོད་ཀྱི་ཚོགས་པ་5ཙམ་ནང་འདྲེན་དང་གསོ་སྐྱོང་བཅས་བྱས་ཏེ་ནང་འདྲེན་དང་གསོ་སྐྱོང་མཉམ་འདྲེས་མཉམ་འགུལ་དང་། གསར་གཏོད་དང་ལས་གཏོད་ཟུང་འབྲེལ་དམ་ཟབ། ཚན་རྩལ་དང་ཤེས་ལྡན་པ་ཕན་ཚུན་རོགས་རེས། ཁེ་ལས་དང་ཐོན་ལས་མཐུན་སྦྱོར་ངང་འཕེལ་རྒྱས་བཅས་ཡོང་བ་བྱེད་དགོས་པ་བཏོན་ཡོད།
         《བསམ་འཆར་》ལ་གཞིགས་ན། ཟི་ལིང་གིས་ཐད་ཀར་རམ་སྟབས་བསྟུན་གྱི་བྱ་ཐབས་སྤྱད་ནས་ཁེ་ལས་ཀྱི་གཉེར་སྐྱོང་དོ་དམ་པའི་ཤེས་ལྡན་པ་དང་། ཆེད་ལས་ལག་རྩལ་གྱི་ཤེས་ལྡན་པ། རྩལ་ནུས་མཐོ་བའི་ཤེས་ལྡན་པ། གྲོང་གསེབ་ཀྱི་སྤྱོད་གོ་ཆོད་པའི་ཤེས་ལྡན་པ། སྤྱི་ཚོགས་ལས་ཀའི་ཤེས་ལྡན་པ་བཅས་ནང་འདྲེན་བྱ་རྒྱུ་དང་འབྲེལ་《རིམ་པ་མཐོ་བའི་གསར་གཏོད་ལས་གཏོད་ཀྱི་ཤེས་ལྡན་པ་ངོས་འཛིན་དང་ལས་བགོས་ཞིབ་སྲོལ་》བཟོས་ནས་ནང་འདྲེན་བྱས་པའི་ཤེས་ལྡན་པ་སོ་སོར་གདེང་འཇོག་དང་ངོས་འཛིན་བྱས་ཏེ་སྲིད་ཇུས་ཀྱི་ཐོབ་ཐང་དོན་འཁྱོལ་བྱ་རྒྱུ་ཡིན་པ་རེད།
         དེའི་ནང་སྟབས་བསྟུན་གྱི་བྱ་ཐབས་ཐོག་ནས་ནང་འདྲེན་བྱས་པའི་ཤེས་ལྡན་པར་སྒོར་ཁྲི་40དང་། ཁྲི་25 ཁྲི་15བཅས་ཐེངས་གཅིག་ལ་མ་དངུལ་གྱི་རོགས་རམ་སོ་སོར་བྱ་རྒྱུ་ཡིན་པ་དང་། ཐད་ཀར་ནང་འདྲེན་བྱས་པའི་ཤེས་ལྡན་པར་(ལས་ཀ་བསྒྱུར་བ་)སྒོར་ཁྲི་120དང་། ཁྲི་80 ཁྲི་45 ཁྲི་10བཅས་ཐེངས་གཅིག་ལ་མ་དངུལ་གྱི་རོགས་རམ་སོ་སོར་བྱ་རྒྱུ། ཐད་ཀར་ནང་འདྲེན་བྱས་པའི་གསར་གཏོད་ལས་གཏོད་ཚོགས་པར་སྒོར་ཁྲི་30ཡི་ཚོགས་པ་འཛུགས་སྐྱོང་གི་འགྲོ་གྲོན་རོགས་རམ་བྱ་རྒྱུ། ཁེ་ལས་གསར་པ་འཛུགས་མཁན་ལ་སླར་ཡང་རྐང་དབང་མ་འཇོག་ཐེབས་རྩའི་དངུལ་སྒོར་ཁྲི་50སྤྲོད་རྒྱུ་རེད། གསོ་སྐྱོང་བྱས་པའི་གསར་གཏོད་ལས་གཏོད་ཀྱི་ཚོགས་པར་སྒོར་ཁྲི་20ཡི་ཚོགས་པ་འཛུགས་སྐྱོང་གི་འགྲོ་གྲོན་རོགས་རམ་བྱེད་པ་དང་། “མཚོ་སྔོན་གྱི་མི་སྟོང་གི་འཆར་གཞིའི”ནང་ཚུད་ཚེ་ཐད་ཀར་རིམ་པ་མཐོ་བའི་གསར་གཏོད་ལས་གཏོད་ཀྱི་རིམ་པ་དང་འཚམས་པའི་ཤེས་ལྡན་པར་གཏན་འཁེལ་བྱས་ནས་ཞིང་ཆེན་རིམ་པའི་དམིགས་བསལ་རྒྱབ་སྐྱོར་གྱི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད་པ་ཕུད། ད་དུང་གྲོང་ཁྱེར་རིམ་པའི་ཐེངས་གཅིག་གི་དམིགས་བསལ་རྒྱབ་སྐྱོར་གྱི་སྲིད་ཇུས་དང་དེ་མཚུངས་ཀྱི་ཐོབ་ཐང་གཞན་དག་ལོངས་སུ་སྤྱོད་རྒྱུ་ཡོད། ཤེས་ལྡན་པ་གསོ་སྐྱོང་གི་དམིགས་བསལ་འགྲོ་གྲོན་དེ་རང་འདེམས་ཀྱི་ཞིབ་འཇུག་བྱ་གཞི་དང་། ཤེས་ལྡན་པ་གསོ་སྐྱོང་། རིག་གཞུང་སྤེལ་རེས། གྲུབ་འབྲས་སྤེལ་བ། ཁེ་བེད་བདག་ཐོབ་རེ་ཞུ། གྲུབ་འབྲས་གཞན་འགྱུར། འཚོ་བའི་ཁ་གསབ་སོགས་ཐད་གཙོ་བོར་སྤྱོད་དགོས་པ་དང་དེའི་ནང་འཚོ་བའི་ཁ་གསབ་དེ་དམིགས་བསལ་རྒྱབ་སྐྱོར་བྱེད་པའི་འགྲོ་གྲོན་གྱི་30%ལས་བརྒལ་མི་རུང་བ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།