འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རུམ་ཐོན་ལས་ཀྱི་ཉོ་འཚོང་དངོས་མང་སྟོན་ཚོགས་སྐབས་གཉིས་པ་མཇུག་སྒྲིལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་19ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་རུམ་ཐོན་ལས་ཀྱི་ཉོ་འཚོང་དངོས་མང་སྟོན་ཚོགས་སྐབས་གཉིས་པ་མཇུག་སྒྲིལ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་18ཉིན། བོད་རང་སྐྱོང་ལྗོངས་ཀྱི་བོད་རུམ་ཐོན་ལས་ཉོ་འཚོང་དངོས་མང་སྟོན་ཚོགས་ལྷ་ས་གྲོང་ཁྱེར་དུ་མཇུག་སྒྲིལ་བ་རེད། བོད་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གི་མི་རིགས་ལག་ཤེས་བཟོ་རྩལ་གྱི་ཁེ་ལས་དང་ཆེད་ལས་མཉམ་ལས་ཁང་སོགས་ཀྱི་སྡེ་ཁག་22ཀྱིས་བཀྲམ་འཚོང་ཟུང་སྦྲེལ་གྱི་རྣམ་པས་སྟོན་ཚོགས་སུ་ཞུགས་ཡོད་པ་དང་། ཉོ་འཚོང་བྱས་གྲངས་སྒོར་ཁྲི་430ཙམ་ཟིན་ཡོད་པ་རེད།
         བོད་རུམ་ལ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པ་དང་ཁྲོམ་རར་སྙན་གྲགས་ཧ་ཅང་ཆེན་པོ་ལྡན་ཡོད། དགོས་མཁོ་སྐོང་མི་ཐུབ་པའི་ཁྲོམ་རའི་སྐུལ་འདེད་འོག་ཉེ་བའི་ལོ་ཤས་རིང་བོད་རུམ་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་ནས་བོད་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།
    ༄༅།།བོད་རུམ་ཐོན་ལས་ཀྱི་ཉོ་འཚོང་དངོས་མང་སྟོན་ཚོགས་སྐབས་གཉིས་པ་མཇུག་སྒྲིལ་བ།
    ༄༅།།བོད་རུམ་ཐོན་ལས་ཀྱི་ཉོ་འཚོང་དངོས་མང་སྟོན་ཚོགས་སྐབས་གཉིས་པ་མཇུག་སྒྲིལ་བ།
      

    ཕྱོགས་བསྡུས་གསར་འགྱུར།