འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་རང་རྒྱལ་གྱི་བཟའ་བཏུང་ལས་རིགས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་3.9ལྷག་ཙམ་
    ཟིན་ནས་ཕྱིར་ཚོང་ཟས་སྐྱེལ་སྟོབས་གསར་དམག་དཔུང་དུ་གྱུར་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་24ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 2017ལོར་རྒྱལ་ཡོངས་ཀྱི་བཟའ་བཏུང་ལས་རིགས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་3.9ལྷག་ཙམ་ཟིན་ནས་ཕྱིར་ཚོང་ཟས་སྐྱེལ་བཟའ་བཏུང་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱེད་པའི་ལས་གཉེར་གཙོ་བོའི་གྲས་ཤིག་ཏུ་གྱུར་ཡོད། དྲ་བའི་ལས་སྟེགས་དང་གྲངས་གཞི་བརྒྱུད་སྲོལ་རྒྱུན་གྱི་བཟའ་བཏུང་ལས་རིགས་ལ་འགྱུར་ལྡོག་བྱུང་ནས་བཟའ་བཏུང་ལས་རིགས“དྲ་ཐོག་དང་དྲ་བ་མ་ཡིན་པ”ཟུང་དུ་འབྲེལ་བའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་མངོན་ཡོད།
         ཀྲུང་གོ་གཡོས་སྦྱོར་མཐུན་ཚོགས་ཀྱི་ཚོགས་གཙོ་ཅང་ཅུན་ཞན་གྱིས་ད་ཆ་བཟའ་བཏུང་སྤུས་རྟགས་ཅན་དང་སྣ་ཁ་ཕུན་སུམ་ཚོགས་སུ་ཕྱིན་པ་དེས་ཚལ་གྱི་བྲོ་བ་ལེགས་སུ་ཕྱིན་པ་མ་ཟད། ཟ་ཁང་གི་ཁོར་ཡུག་དང་། ཞབས་ཞུ། འཛད་སྤྱོད་པའི་མྱོང་རོལ་སོགས་ཀྱང་བཟའ་བཏུང་སྤུས་རྟགས་ཀྱི་འགྲན་རྩོད་བྱ་ཡུལ་ཞིག་ཏུ་གྱུར་ཡོད། འཛད་སྤྱོད་བྱེད་མཁན་གཙོ་བོ་ལོ་ཆུང་ཡིན་པ་དང་སྦྲགས་ཕྱིར་ཚོང་ཟས་སྐྱེལ་དང“དྲ་ཐོག་དང་དྲ་བ་མ་ཡིན་པ”ཟུང་འབྲེལ་གྱི་ཟ་ཁང་ལ་ཁྲོམ་རའི་དགའ་བསུ་ཐོབ་ཡོད།
         ཕྱིར་ཚོང་ཟས་སྐྱེལ་ལ་མཚོན་ན། མེ་ཐོན་དཔྱད་བརྗོད་ཚོགས་པའི་མཐོ་རིམ་ཙུང་ཚའེ་གཞོན་པ་ཝང་ཧྥུའུ་ཀྲུང་གིས་2017ལོར་མེ་ཐོན་གྱི་ཕྱིར་ཚོང་ཟས་སྐྱེལ་ཉོ་ཚོང་བྱེད་འབོར་སྒོར་དུང་ཕྱུར་1710ཟིན་པ་དང་ལས་སྒོ་དེ་རྒྱལ་ཡོངས་ཀྱི་མི་འབོར་ཁྲི་10ཡན་གྱི་རྫོང་ལ་སྤྱིར་ན་ཁྱབ་པ་མ་ཟད། གྲོང་ཁྱེར་རིམ་པ་གསུམ་པ་བཞི་པས་ཕྱིར་ཚོང་ཟས་སྐྱེལ་མངགས་ཉོ་བྱེད་ཚད་གྲོང་ཁྱེར་རིམ་པ་དང་པོ་གཉིས་པ་ལས་མང་བ་ཡོད། ཕྱིར་ཚོང་ཟས་སྐྱེལ་གྱི་ལས་རིགས་ཐོན་པ་དེས་ཚོང་པར་ཕྱི་དྲོའི་ཇ་དང་། མཚན་མོའི་བཟའ་བཏུང་། མི་སྒེར་གྱི་མངགས་ཐོའི་བཟའ་བཏུང་སོགས་ཚོང་གཉེར་བྱེད་སྟངས་གསར་པའང་བཏོད་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།