འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།གཞིས་ཀ་རྩེ་ཕྱོགས་སུ་ལོ་གསར་གྱི་རྣམ་པས་ཁེངས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་22ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ལོ་གསར་གྱི་དངོས་ཟོག་ཉོ་བ།
    ལོ་གསར་གྱི་དངོས་ཟོག་ཉོ་བ།
          མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཀྱི་ས་ཁོངས་ཡངས་ཤིང་རྒྱ་ཆེན་པོ་ཡོད་ཅིང་། ཞིང་འབྲོག་པས་སོ་ནམ་འཚོ་གནས་བྱེད་པའི་ལོ་ཐོ་བརྩི་སྟངས་ལའང་མི་འདྲ་བ་མང་པོ་ཡོད་པ་དང་། ས་ཁུལ་ཁག་གི་ལོ་གསར་ལ་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཕལ་ཆེ་བ་གཅིག་མཚུངས་ཡིན་མོད། ཡིན་ནའང་ས་ཁུལ་སོ་སོར་སྲོལ་ཉམས་མི་འདྲ་བ་རེ་ཡང་ཡོད་པ་རེད། འདིའི་ཐོག་ནས་ས་ཁོངས་མི་འདྲ་བའི་ས་བབ་ཁོར་ཡུག་དང་དཔལ་འབྱོར་གནས་ཚུལ། ཐོན་སྐྱེད་བྱེད་སྟངས། ཕྱི་ཕྱོགས་དང་འགྲོ་འོང་བྱེད་ཚུལ་བཅས་ལ་ཧེ་བག་ཡོད་པ་ལས་ཆགས་པའི་བསམ་པའི་འཆར་སྣང་དང་། མཛེས་དཔྱད་ཀྱི་འདོད་ཕྱོགས། རིན་ཐང་གི་ལྟ་བ་འཛིན་ཕྱོགས་བཅས་ལའང་ཁྱད་པར་ཡོད་པ་མངོན་པ་རེད།
           ལོ་གསར་ལ་དགའ་སྟོན་རྟེན་འབྲེལ་ཞུ་བ་ནི་གཞིས་རྩེ་བ་རྣམས་ཀྱི་གཟབ་རྒྱས་ཆེ་ཤོས་ཀྱི་དུས་ཆེན་ཞིག་ཡིན་ལ། གཞིས་ཀ་རྩེ་ཕྱོགས་ཀྱི་ཡིད་དབང་རབ་ཏུ་འཕྲོག་པ་དང་ཁྱད་ཆོས་དམིགས་བསལ་ལྡན་པའི་སྲོལ་རྒྱུན་དུས་ཆེན་ཞིག་ནི་བོད་ཀྱི་སོ་ནམ་ལོ་གསར་ཡིན་པ་རེད།
    【1】  【2】  【3】
    གྲོ་སོ་ཕྱེ་མ་མཆོད་པ།
    གྲོ་སོ་ཕྱེ་མ་མཆོད་པ།
    ལོ་གསར་སྐབས་ཀྱི་རིག་རྩལ་འཁྲབ་སྟོན།
    ལོ་གསར་སྐབས་ཀྱི་རིག་རྩལ་འཁྲབ་སྟོན།
      

    ཕྱོགས་བསྡུས་གསར་འགྱུར།