འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཧུའུ་པེས་གྲོས་གསེབ་ཀྱི་ཉེན་དོན་ཞན་ཆ་གསབ་དགོས་པའི་བླང་བྱ་ནན་པོ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་24ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་22ཉིན་གསར་འགོད་པར་ཧུའུ་པེ་ཞིང་ཆེན་སྤྱི་བདེ་ཐིང་ནས་ཤེས་རྟོགས་བྱུང་བར། 《དུས་རབས་གསར་པའི་གྲོང་གསེབ་ཀྱི་ཉེན་དོན་ལས་དོན་ལ་སྔར་བས་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་》ཉེ་ཆར་ཧུའུ་པེ་ཞིང་ཆེན་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། དེའི་ནང་རྫོང་དང་གྲོང་ཁྱེར་ཁག་གི་མངགས་གཏོང་ཁང་གི་ཉེན་རྟོག་པའི་ཁ་གྲངས་ཡུལ་དེ་གའི་ཉེན་རྟོག་པའི་50%ཡན་ཟིན་པ་བྱེད་དགོས་པ་དང་། སྲིད་འཛིན་གྲོང་ཚོ་ཁག་གི་ལམ་མདོར་གློག་མིག་སྒེར་དགོས་པ། གྲོང་གསེབ་ས་ཁུལ་ཏུ་དྲ་ཐོག་ཉེན་དོན་ཁང་འཛུགས་དགོས་པ་བཅས་ཀྱི་བླང་བྱ་ཁ་གསལ་བཏོན་ཡོད་པ་རེད།
         《བསམ་འཆར་》ཁྱོན་བསྡོམས་དོན་ཚན་15ལ་ཕྱེ་ནས་གྲོང་གསེབ་མངགས་གཏོང་ཁང་དུ་ཉེན་རྟོག་པ་མང་དུ་གཏོང་རྒྱུ་དང་། མཉམ་འགོག་རྩ་འཛུགས་འཛུགས་སྐྱོང་། ཆ་འཕྲིན་ཅན་འཛུགས་སྐྱོང་བཅས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནས་དུས་རབས་གསར་པའི་གྲོང་གསེབ་ཀྱི་ཉེན་དོན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་བླང་བྱ་ཞིབ་ཕྲ་བཏོན་ཡོད། ཧུའུ་པེ་ཞིང་ཆེན་སྤྱི་བདེ་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ཞིང་ལས་ཞིང་ཆེན་ཆེན་པོ་ཞིག་གི་ངོས་ནས་ཧུའུ་པེས་གྲོང་གསེབ་ཀྱི་ཉེན་དོན་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། 《བསམ་འཆར་》ནང་གྲོང་གསེབ་ཀྱི་ཉེན་རྟོག་པ་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅོད་ལ་གཞོལ་ཏེ་གྲོང་ཚོ་ཚང་མར་ཉེན་རྟོག་པ་ཡོད་པ་དང་ཉེན་དམངས་མཉམ་འགོག་གི་ཉེན་དོན་ལས་དོན་གྱིས་གཞི་རིམ་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”སེལ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
         ཞིབ་ཕྲའི་གཏན་འབེབས་ནང་ཉེན་རྟོག་པ་གྲོང་གསེབ་ས་ཁུལ་དུ་གཏོང་བའི་གཏན་འབེབས་ཁ་གསལ་བཏོན་པ་སྟེ། རྫོང་དང་གྲོང་ཁྱེར་ཁག་གི་མངགས་གཏོང་ཁང་གི་ཉེན་རྟོག་པའི་ཁ་གྲངས་ཡུལ་དེ་གའི་ཉེན་རྟོག་པའི་50%ཡན་ཟིན་པ་དང་གྲོང་གསེབ་ཚང་མའི་མངགས་གཏོང་ཁང་དུ་ཉེན་རྟོག་པ་མི་5ཡན་ཟིན་པ་བྱེད་དགོས་པ་དང་། གྲོང་གསེབ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ལས་གནས་སྒྱུར་བ་དང་། ལེགས་སྒྲིག་བྱེད་པ། རྒན་ཡོལ་ཞུ་བ་བཅས་ཀྱི་སྐབས“གཅིག་ཆད་གཅིག་གསབ་དང་སྔོན་ཞུགས་རྗེས་ཐོན”གྱི་རྩ་དོན་གཞིར་བཟུང་སྒྲུབ་དགོས་པ། སྲིད་འཛིན་གྲོང་ཚོ་5ནས་8རེར་ཉེན་དོན་ཁུལ་གཅིག་དང་ཉེན་དོན་ཁང་གཅིག་བཙུགས་ཏེ་མི་དམངས་ཉེན་རྟོག་པ་1-2བར་བཀོད་སྒྲིག་གིས་ཉེན་དོན་ལས་དོན་ཁག་གི་འགན་འཁུར་དགོས་པ། སྲིད་འཛིན་གྲོང་ཚོ་ཚང་མར་ཉེན་དོན་འབྲེལ་གཏུག་བྱ་ཡུལ་རེ་བཙུགས་ཏེ་ལས་རོགས་ཉེན་རྟོག་པ་1བཏང་ནས་ཉེན་དོན་ཁུལ་གྱི་མི་དམངས་ཉེན་རྟོག་པས་ལས་དོན་བསྒྲུབ་རྒྱུར་གཞོགས་འདེགས་བྱེད་དགོས་པ་བཅས་རེད།
         《བསམ་འཆར་》ནང་ད་དུང་ཆ་འཕྲིན་ཅན་འཛུགས་སྐྱོང་དང“དྲ་སྦྲེལ་+”བརྒྱུད་བདེ་སྲུང་གི་སྔོན་འགོག་ཚོད་འཛིན་དང་གཞི་རིམ་གྱི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་མཐོ་རུ་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་ཤང་གྲོང་ཁག་གི་གཙོ་གནད་ཁུལ་དང་འགྲོ་ལམ་དང་དེ་བཞིན་སྲིད་འཛིན་གྲོང་ཚོ་ཁག་གི་ལམ་མདོར་གློག་མིག་སྒེར་དགོས་པ་དང་གྲོང་གསེབ་ས་ཁུལ་དུ་དྲ་ཐོག་ཉེན་དོན་ཁང་བཙུགས་ཏེ་ཁ་ཆད་ལམ་ལུགས་དང་ཐེངས་གཅིག་ལ་གྱོད་དོན་སྒྲུབ་པའི་ལམ་ལུགས་ཀྱི་ཞབས་ཞུ་ཁྱབ་སྤེལ་གཏོང་དགོས་ཞེས་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།