འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཟླ་6ཚེས་1ཉིན་ནས་བཟུང་འདྲུད་འཐེན་འཕྲུལ་འཁོར་དང་མཉམ་འབྲེལ་བརྔ་
    བསྡུ་འཕྲུལ་འཁོར་དོ་དམ་གྱི་གཏན་འབེབས་གསར་པ་ལག་ལེན་བསྟར་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་24ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཞིང་ལས་འཕྲུལ་ཆས་ཅན་གྱི་བདེ་འཇགས་ལྟ་འདོམས་དང་ཐོན་སྐྱེད་ཀྱི་ཆུ་ཚད་མཐོ་རུ་གཏོང་ཆེད། རང་རྒྱལ་གྱིས་ཟླ་6ཚེས་1ཉིན་ནས་བཟུང་《འདྲུད་འཐེན་འཕྲུལ་འཁོར་དང་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་གྱི་ཁ་ལོ་བའི་ལག་ཁྱེར་དོ་དམ་གཏན་འབེབས་》དང་《འདྲུད་འཐེན་འཕྲུལ་འཁོར་དང་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་གྱི་ཐོ་འགོད་གཏན་འབེབས》ཀྱི་སྡེ་ཚན་གྱི་སྒྲིག་སྲོལ་གཉིས་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
         ཞིང་ལས་པུའི་ཞིང་ལས་འཕྲུལ་ཆས་ཅན་དོ་དམ་སིའི་འགན་འཁུར་བས། ད་རེས་དེ་སྔོན་གྱི་སྒྲིག་སྲོལ་གསུམ་གྱི་ནང་དོན་གཅིག་མཚུངས་སམ་ཡང་ན་ཧ་ཅང་འདྲ་བ་རྣམས་ལེགས་སྒྲིག་དང་གཅིག་ཏུ་བསྒྲིལ་ཏེ “མི”དང“འཕྲུལ་ཆས”དབྱེ་བ་ཕྱེ་ནས་《འདྲུད་འཐེན་འཕྲུལ་འཁོར་དང་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་གྱི་ཁ་ལོ་བའི་ལག་ཁྱེར་དོ་དམ་གཏན་འབེབས་》དང་《འདྲུད་འཐེན་འཕྲུལ་འཁོར་དང་མཉམ་འབྲེལ་རྔ་བསྡུ་འཕྲུལ་འཁོར་གྱི་ཐོ་འགོད་གཏན་འབེབས་》ཀྱི་སྒྲིག་སྲོལ་གཉིས་སུ་བསྡུ་སྒྲིལ་བཏང་བ་མ་ཟད། འདྲུད་འཐེན་འཕྲུལ་འཁོར་དང་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་གྱི་ཁ་ལོ་བའི་ལག་ཁྱེར་དང་འགྲོ་སྐྱོད་ཆོག་པའི་ལག་ཁྱེར་ཡང“ལག་ཁྱེར་གཉིས་སྒྲིལ”མངོན་འགྱུར་བྱུང་ནས། སྒྲིག་སྲོལ་དང་ལག་ཁྱེར་ཁུ་བསྡུ་བྱས་ཡོད་པ་རེད།
         དེ་དང་ཆབས་ཅིག་རིགས་དབྱེའི་དོ་དམ་ལ་སྟབས་བདེ་ཡོང་ཆེད། རྒྱལ་ཁབ་ཀྱི་ཚད་གཞི་ལྟར་དེ་སྔ་ཆེ་བ་ནས་ཆུང་བའི་བར་རིགས་དབྱེ་བའི་བྱེད་ཐབས་དེ་གཞི་འཛིན་སའི་ཚད་གཞིར་བསྒྱུར་ནས་འཕྲུལ་འཁོར་གྱི་གྲུབ་ཆའི་ཁྱད་ཆོས་ལ་གཞིགས་ཏེ་རིགས་ཕྱེ་ཡོད། འཁོར་རྟགས་དང་ལག་ཁྱེར་དོ་དམ་གྱི་ཁོངས་སུ་ཚུད་པའི་འདྲུད་འཐེན་འཕྲུལ་འཁོར་ལ་འཁོར་ལོ་ཅན་གྱི་འདྲུད་འཐེན་འཕྲུལ་འཁོར་དང་། ལག་སྐྱོར་འདྲུད་འཐེན་འཕྲུལ་འཁོར། ལྕགས་ཐག་ཅན་གྱི་འདྲུད་འཁོར། འཁོར་ལོ་ཅན་གྱི་འདྲུད་འཐེན་འཕྲུལ་འཁོར་གྱི་སྐྱེལ་འདྲེན་འཕྲུལ་འཁོར་ཚན་པ། ལག་སྐྱོར་འདྲུད་འཐེན་སྐྱེལ་འདྲེན་འཕྲུལ་འཁོར་ཚན་པ་བཅས་ཚུད་ཡོད། མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་ལ་འཁོར་ལོ་ཅན་གྱི་མཉམ་འབྲེལ་བརྔ་བསྡུའི་འཕྲུལ་འཁོར་དང་། ལྕགས་ཐག་ཅན་གྱི་མཉམ་འབྲེལ་རྔ་བསྡུའི་འཕྲུལ་འཁོར་ཚུད་ཡོད། ད་དུང་སྤྱི་པའི་བདེ་འཇགས་ལ་གནོད་པའི་ཉེན་ཁ་ཆེ་ཆུང་ལ་གཞིགས་ནས་འགྲོ་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་དོ་དམ་གྱི་གཏན་འབེབས་དང་སྦྲེལ་མཐུད་ཀྱིས་དབོར་འདྲེན་འདྲུད་འཐེན་འཕྲུལ་འཁོར་ཚན་པ་ཐོ་འགོད་བྱེད་སྐབས་འགྲིམ་འགྲུལ་དོན་རྐྱེན་གྱི་འགན་འཁྲི་བཙན་ཐབས་འགན་བཅོལ་བྱས་པའི་འཛིན་ཤོག་འདོན་དགོས་པའི་གཏན་འབེབས་བཟོས་པ་དེས་དབོར་འདྲེན་འདྲུད་འཐེན་འཕྲུལ་འཁོར་ཚན་པ་དང་དེའི་ཁ་ལོ་བས་རླངས་འཁོར་གཞུང་ལམ་དུ་གཏོང་སྐབས་ཁྲིམས་འགལ་སྒྲིག་འགལ་གྱི་སྐར་འགོད་ལམ་ལུགས་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
         གཞན་ཡང་སྡེ་ཚན་གྱི་སྒྲིག་སྲོལ་གསར་པའི་ནང་། ལྟ་འདོམས་ཀྱི་འགན་འཁྲི་ཁ་གསལ་བཟོས་ནས་དོ་དམ་བྱེད་ཐབས་གསར་བཏོད་བྱས་པ་དཔེར་ན། ཞིང་འཕྲུལ་གཙོ་འགན་དོ་དམ་སྡེ་ཚན་གྱི་མིང་ཁྲིམས་ལྟར་གཅིག་གྱུར་ཚད་ལྡན་བཟོས་ནས་ལས་སྒོ་སྒྲུབ་གཉེར་གྱི་འགན་འཁྲི་རྫོང་རིམ་པའི་ཞིང་འཕྲུལ་བདེ་འཇགས་ལྟ་འདོམས་སྒྲིག་གཞིར་སྤྲད་པ་དང་། འཕྲུལ་སྒུལ་འཁོར་རིགས་ཀྱི་བཟོ་སྟངས་ལ་དཔྱད་གཞི་བྱས་ཏེ་འཁོར་རིགས་གསར་པར་ཞིབ་བཤེར་བྱེད་མི་དགོས་པའི་ལམ་ལུགས་བཟོས་པ། ཁ་ལོ་བའི་ལག་ཁྱེར་ལེན་པའི་ཚད་བཀག་ལོ་ཚད་དེ་དེ་སྔའི་ལོ་60ནས་70བར་རིང་དུ་བཏང་བ། ཁ་ལོ་བའི་ལག་ཁྱེར་མེད་པར་བཟོས་རྗེས་ཆ་རྐྱེན་འཛོམས་ཚེ་སླར་གསོ་བྱེད་པའི་ལམ་ལུགས་བཟོས་པ་ལྟ་བུ་སོགས་རེད།
      

    ཕྱོགས་བསྡུས་གསར་འགྱུར།