འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱུད་གཅིག་ལམ་གཅིག་ལ་སྐྱོད་པ། 

    ཅིང་ཅ་དབྱི་དང་ཀྲང་ཡན་ཧུའེ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་18ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          འདི་ལོའི་དབྱར་ཁར་ཆིང་ཧྭ་སློབ་ཆེན་གྱི་དགེ་སློབ་38“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་ཏུ་སོ་སོར་བསྐྱོད་པ་དང་དབྱི་རན་དུ་དབྱི་སི་ལམ་གྱི་ཤེས་དཔལ་གོང་འཕེལ་གྱི་གོ་སྐབས་གསར་པ་འཚོལ་ཞིབ་བྱེད་པ་དང་ཧ་སག་སི་ཐན་དང་ཨུ་ཟ་བྷེ་ཁི་སི་ཐན་དུ་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་གྱི་གྲུབ་འབྲས་འདྲི་རྩད་བྱེད་པའི་སློབ་སྦྱོང་གི་འགྲུལ་བཞུད་དང་འཚོལ་ཞིབ་ཀྱི་འགྲུལ་བཞུད་ཅིག་བྱེད་འགོ་བཙུགས་ཡོད།
          “Hello,Chin!”དབྱི་རན་གྱི་དབུས་རྒྱུད་གྲོང་ཁྱེར་དང་གནའ་བོའི་དར་གོས་ལམ་བུའི་གཙོ་གནད་གྲོང་རྡལ་དབྱི་སི་ཧྥ་ཧན་དུ་ཀྲུང་གོ་བ་རྣམས་མི་ཚོགས་ཁྲོད་ཀྱི་མདོ་གནད་དུ་གྱུར་ནས་གང་དུ་སླེབས་ནའང་རྟག་ཏུ་གྲགས་ཅན་མི་སྣ་བཞིན་ས་གནས་དེ་གའི་མི་ཚོས་མཉམ་དུ་དྲན་རྟེན་པར་རྒྱག་པར་ཡོང་གི་ཡོད། ཀྲུང་གོ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་པའི་ས་ཆ་དེར་ཆིང་ཧྭ་སློབ་ཆེན་གྱི་དགེ་སློབ་ཚོས་ཏེ་ཧེ་ལན་ནས་འགོ་བཙུགས་ཏེ་ཉིན་10བརྒྱུད་ཁཱ་ཧྲང་དང་། དབྱི་སི་ཧྥ་ཧན། ཧྲེ་ལ་ཙི། ཁུའུ་མུའུ་སོགས་གྲོང་ཁྱེར་5རུ་བསྐྱོད་ནས་སྟག་གཟིག་གནའ་བོའི་རྒྱལ་ཁབ་ནས་དར་ལམ་གསར་པ་འཚོལ་ཞིབ་བྱས་པའི་བར་གྱི་ཤེས་དཔལ་བགྲོ་གླེང་ཞིག་བྱེད་འགོ་བཙུགས་ཡོད།
         ད་ཆ་གྲོང་ཁྱེར་གྱི་ལྟེ་བའི་ས་ཁོངས་ཏཱ་པ་ཀྲ་ལིར་དབྱི་རན་ནས་ཀྲུང་གོའི་དབྱི་ཝུའུ་རུ་འགྲོ་འོང་བྱེད་མཁན་གྱི་ཚོང་པ་རྟག་ཏུ་འཛོམ་གྱི་ཡོད། དེ་སྔ་ལ་བརྒྱབ་ཀླུང་བརྒལ་བྱེད་པའི་རྔ་མོང་གི་དྲིལ་སྒྲ་ཡང་ཡང་གྲགས་པ་ནས་ད་ཆ་ཉིན་14ལས་མི་འགོར་བར་དབྱི་ཝུའུ་ནས་དེ་གར་སླེབས་པའི“དར་གོས་ལམ་བུ་གསར་པའི་ཐད་གཏོང་མེ་འཁོར”དང“རྒྱུད་གཅིག་ལམ་གཅིག”གིས་དུས་ཚོད་ལ་མཚན་ཉིད་གསར་པ་བཞག་ཡོད།
         དབྱི་མ་མུའུ་ཐང་ཆེན་དུ་སོ་སོས་སོ་སོར“མཱ་ཡུན”ཞེས་མིང་བཏགས་པའི་ས་གནས་དེ་གའི་མི་ཞིག་གིས་རྒྱ་སྐད་ནས་སྐུ་མགྲོན་ཚོ་ཚོང་ཁང་དུ་སྲོལ་རྒྱུན་གྱི་སྟག་གཟིག་གི་ས་གདན་ཐོག་གདན་དྲངས་བྱུང་། དགེ་སློབ་ཚོའི་ཡ་མཚན་ཆེ་བའི་རྣམ་འགྱུར་གྱི་མདུན་དུ་ཁོང་གིས་སྤོབས་པ་ཆེན་པོས“ང་ནན་ཁྲང་དུ་རྒྱ་ཡིག་སྦྱོང་མྱོང་ཡོད། མཱ་ཡུན་དང་འདྲ་བའི་ཆེད་ལས་མཁས་ཅན་ཆེན་པོ་ཞིག་ཏུ་འགྱུར་བར་བྱ་རྒྱུ་ཡིན”ཞེས་དང་། ད་དུང་ཁོང་གིས་ཀྲུང་གོའི་ལུས་རྩལ་ལས་རིགས་ལ་རྒྱུས་མངའ་ཆེན་པོ་ཡོད་ལ་གཅུང་པོར་མཱ་ལུང་ཞེས་རྒྱ་རིགས་ཀྱི་མིང་ཡང་བཏགས་ཡོད་ཅེས་བཤད།
         ཆིང་ཧྭ་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་གི་རབ་འབྱམས་སློབ་མ་ཧུའུ་ཙེ་ཧྭའི་ཞིབ་འཇུག་བྱ་གཞི་ནི་ཀྲུང་གོའི“གསར་གཏོད་གསར་པ་ཆེན་པོ་བཞི”དབྱི་རན་དུ་ཁྱབ་གདལ་གཏོང་ཚུལ་དེ་རེད། འདི་ལོའི་ཟླ་5པར“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་20ཡི་གཞོན་ནུ་ཚོས་སྒུལ་བདེའི་གཏོང་སྤྲོད་དང་། མྱུར་བགྲོད་ལྕགས་ལམ། དྲ་ཐོག་ཚོང་དོན། རྐང་འཁོར་མཉམ་སྤྱོད་བཅས་ནི་ཀྲུང་གོས་དེང་དུས་ཀྱི་འཛམ་གླིང་ལ་འགྱུར་ལྡོག་གཏོང་བའི“ནོར་བུ”བཞི་ལ་དཔྱད་འདེམས་བྱས་ཡོད། ཀྲུང་གོས་འཛམ་གླིང་ལ་ཐེབས་པའི་ཤུགས་རྐྱེན་ནི་དར་གོས་དང་། ཇ་ལོ། དོམ་ཁྲ། གྱོན་གོས། རྩེད་ཆས་ཙམ་མ་ཡིན་པར་མཁྲེགས་ཆས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་། དྲ་རྒྱའི་ཆ་འཕྲིན་ཞབས་ཞུ། སྟབས་བདེ་གཉིས་ཕན་གྱི་འཚོ་བ་གསར་པ་སྐྱེལ་སྟངས་སོགས་ཀྱི་ཁྱབ་ཁོངས་བར་རྒྱ་སྐྱེད་བཏང་ཡོད” དབྱི་རན་ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་དུ་བཀལ་བའི་གཏོང་སྤྲོད་འབོའི་རྩ་གཉིས་ཨང་རྟགས་དང་རྒྱ་ཡིག་གི་བརྡ་ཆའི་བྱང་བུར་ལྟ་བཞིན་ཧུའུ་ཙེ་ཧྭས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།
         སེམས་ཁམས་ཚན་ཁག་གི་འབུམ་རམས་པ་ཀུའོ་རུའེ་ཡིས་ཀྲུང་གོས་ཨེ་ཤེ་ཡ་དབུས་རྒྱུད་ས་ཁུལ་གྱི་གཟུགས་བརྙན་ཤེས་རྟོགས་བྱ་རྒྱུའི་སྐོར་གྱི་སྐད་གཉིས་འདྲི་ཤོག་ཅིག་བཟོས་ཡོད། སཱ་མར་ཧན་གྱི་སྲོལ་རྒྱུན་ཚོང་འདུས་ལ་ཁོང་གིས་ཐེམ་དུད་རེ་རེ་བཞིན་ལ་ས་གནས་དེ་གའི་ཚོང་པའི་སྐོར་དྲིས། མི་རིང་བའི་སར་མི་རྣམས་ཀྱིས་ཉོ་ཚོང་བྱེད་བཞིན་པའི་རྒུན་འབྲུམ་དང་། ཀྭ་རིགས་མངར་མོ། སྒོག་པ་སོགས་བཟའ་བཅའ་ལོ་2100ཡི་གོང་ནས་གནའ་བོའི་དར་གོས་ལམ་བུ་བརྒྱུད་ཀྲུང་གོ་བའི་གསོལ་ལྕོག་ཏུ་བཤམས་ཟིན། འདྲི་ཤོག་བརྟག་དཔྱད་ཀྱི་འབྲས་བུ་ལས་མངོན་པར། ཀྲུང་གོའི་དཔལ་འབྱོར་གྱི་ཤུགས་རྐྱེན་ཐེབས་ཤུགས་ཉིན་བཞིན་ཆེ་རུ་སོང་བ་དང་ཆབས་ཅིག་ཀྲུང་གོའི་གཞི་རྒྱུ་ཧ་སག་སི་ཐན་གྱི་གཞོན་ནུའི་ཁྲོད་དུ་དར་ཁྱབ་ཆེན་པོ་བྱུང་བ་སྟེ། གཞོན་ནུ་ཞིག་གིས་བྱང་པོ་དེ་ཙམ་མེད་པའི་རྒྱ་ཡིག་ནས“ང་ཀྲུང་གོར་དགའ”ཞེས་བྲིས་པ་དང་། ཐ་ཧྲི་ཀན་ཁུང་ཙི་སློབ་གླིང་དུ་ཕྱི་ཕྱོགས་ཀྱི་ཡོན་ཀྲང་ནས་སློབ་མ་དཀྱུས་མའི་བར་ཚང་མས་རྒྱ་སྐད་ཆུ་རྒྱུག་རྒྱུག་བརྒྱབ་ནས་དགེ་སློབ་ཚོ་དང་སྤེལ་རེས་བྱེད་ཀྱི་ཡོད།
          ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་ཟུར་པ་ཁ་ལི་མོ་ཧྥུའུ་ཡིས“ཨུ་ཟ་བྷེ་ཁི་སི་ཐན་དང་ཕྱི་རྒྱལ་གྱི་མ་འཇོག་མཉམ་ལས་ཀྱི་དཔེ་མཚོན”དུ་བསྔགས་བརྗོད་བྱས་པའི་ཕེང་ཧྲེང་བཟོ་ལས་གླིང་དུ་ས་གནས་དེ་གའི་ལས་མིས་མཛའ་གྲོགས་ངང“སྐུ་ཁམས་བཟང”ཞེས་བཤད་དེ་དགེ་སློབ་ཚོར་འཚམས་འདྲི་བྱས། བཟོ་ལས་གླིང་གིས་ས་གནས་དེ་གར་ལས་ཞུགས་ལས་གནས་1300ལྷག་ཙམ་མཁོ་འདོན་བྱས་པ་དང་ཆབས་ཅིག བཟོ་གྲྭར་སྣོད་བཅུད་སྤྱི་གླིང་བཙུགས་ནས་ཉེ་འགྲམ་གྱི་གྲོང་མི་སྤྲོ་གསེང་རོལ་རྩེད་བྱ་རྒྱུར་མཁོ་འདོན་བྱེད། 2015ལོར་ས་གནས་དེ་གའི་ལས་མི་150ཙམ་ཀྲུང་གོར་གཟབ་སྦྱོང་བྱེད་པར་མངགས་པ། ཁོང་ཚོ་དེ་གོང་ཕ་ཡུལ་ནས་ཁ་བྲལ་མྱོང་མེད་ཀྱང་། ད་ཆ་ཁོང་ཚོ་ཕ་ཡུལ་གྱི“དཔའ་བོ”ལྟ་བུར་བརྩི་ཡི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།