འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སའི་མཁའ་དབྱིངས་སུ་ངོ་མཚར་ཆེ་བའི"བཀྲ་ཤིས་མཚམས་སྤྲིན"ཤར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་06ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ལྷ་སའི་མཁའ་དབྱིངས་སུ་ངོ་མཚར་ཆེ་བའི'བཀྲ་ཤིས་མཚམས་སྤྲིན'ཤར་བ།
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་4ཉིན་གྱི་ཆུ་ཚོད་18:00ཡོལ་ཙམ་ལ། ལྷ་སའི་མཁའ་དབྱིངས་སུ་མཐོང་བ་དཀོན་པའི"བཀྲ་ཤིས་མཚམས་སྤྲིན"ཤར་ཞིང་། མཚམས་སྤྲིན་རིམ་པ་སྟར་ཆགས་ཤིང་ཚོན་མདངས་རབ་ཏུ་བཀྲ་བ་དེ། གཟུགས་དབྱིབས་སུ་གྱུར་ནས་འཇའ་ཚོན་བཀྲམ་པ་ལྟ་བུར་སྣང་ལ། དེ་ནི་དགུང་སྔོན་པོའི་འོག་ཏུ་མཛེས་སྡུག་ལྡན་པའི་སྣུམ་རིས་ཞིག་དང་མཚུངས་པ་དང་། སྒྱུ་འཕྲུལ་ཧ་ཅང་ཆེ་བའི་རྣམ་པ་མངོན་པ་རེད།
         "བཀྲ་ཤིས་པའི་མཚམས་སྤྲིན"འཆར་བའི་རྒྱུ་རྐྱེན་ཞིབ་ཕྲ་ནི་གཡའ་དག་པའི་གནམ་གཤིས་འོག ཉི་མའི་འོད་ཟེར་དང་སྤྲིན་པ་གཉིས་ལས་མཚམས་མཐུན་པའི་ཟུར་ཚད་ཅིག་གྲུབ་པས། ཉི་འོད་སྤྲིན་པ་བརྒྱུད་པའི་སྐབས་སུ། དཀྱོག་འཕྲོ་དང་ལྡོག་འཕྲོའི་ནུས་པར་བརྟེན་ནས་སྤྲིན་པའི་ནང་གི་ཆུ་རླངས་ཀྱིས་ཉི་མའི་འོད་ཤལ་ཁ་གྱེས་སུ་བཅུག་པས། དེ་ལས་ཚོན་མདོག་ལྡན་པའི་འོད་ཟེར་འཕྲོ་བ་འདི་བྱུང་བ་རེད།
    ༄༅།།ལྷ་སའི་མཁའ་དབྱིངས་སུ་ངོ་མཚར་ཆེ་བའི'བཀྲ་ཤིས་མཚམས་སྤྲིན'ཤར་བ།
      

    ཕྱོགས་བསྡུས་གསར་འགྱུར།