འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རྣམ་གྲངས་ཁག་33མཉམ་འབྲེལ་རྒྱལ་ཚོགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་
    གཞུང་ནང་བཅུག་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་17ཉིན། 11:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་9ཉིན། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་སྲིད་གཞུང་དབར་གྱི་ཨུ་ཡོན་ལྷན་ཁང་གི་དུས་བཀག་གྲོས་ཚོགས་སྐབས་12པ་ཧན་གོའི་ཅི་ཀྲོའུ་གླིང་ཕྲན་དུ་གྲོལ་བ་རེད། སྐབས་དེའི་དུས་བཀག་གྲོས་ཚོགས་ཀྱིས་རྣམ་གྲངས་ཁག་33མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་མིང་གཞུང་ནང་འཇུག་རྒྱུ་དང་། རྣམ་གྲངས་ཁག་6འཕྲལ་དུ་སྲུང་སྐྱོང་བྱེད་དགོས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་འཇུག་རྒྱུའི་གཏན་འབེབས་བྱས་ཡོད་པ་རེད།
          སྐབས་འདིའི་དུས་བཀག་གྲོས་ཚོགས་ཐོག་འཕྲལ་དུ་སྲུང་སྐྱོང་བྱེད་དགོས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་འཇུག་རྒྱུའི་རེ་ཞུ་བྱས་པའི་རྣམ་གྲངས་ཁག་6ཚང་མ་མིང་གཞུང་ནང་བཅུག་པ་དང་། དེའི་ནང་གི་ཐུར་ཁེའི་ཤུ་སྒྲའི་སྐད་ཆ་དང་མོ་རོ་ཁོའི་ཀའོ་ཨ་ཐེ་ལ་སི་རི་ཁུལ་གྱི་དྲག་རྩལ་ཞབས་བྲོ་སོགས་ཚུད་ཡོད་པ་རེད།
          ད་ཐེངས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་མིང་གཞུང་དུ་འཇུག་རྒྱུའི་རེ་ཞུ་བྱས་པའི་རྣམ་གྲངས་ཁག་34ཡི་ནང་ནས་རྣམ་གྲངས་ཁག་33བདེ་བླག་ངང་ཚུད་པ་དང་། དེའི་ནང་དབྱི་ཐ་ལིའི་ན་པུའུ་ལེ་སི་གྲོང་ཁྱེར་གྱི་ཕེ་ས་བག་ལེབ་དང་། འཇར་མན་གྱི་རླུང་སྦུད་ཆའི་རོལ་བཟོ་རྩལ་དང་རོལ་དབྱངས། སུའེ་ཙེར་གྱི་པ་སའེ་ཨེར་གྲོང་ཁྱེར་གྱི་རབ་དགའི་རོལ་རྩེད་དུས་ཆེན། ཕེ་རུའི་ཁོ་ལུང་ཀོ་ཆུའི་ཐོན་ཁུངས་དོ་དམ་སྙོམས་སྒྲིག་བྱ་ཐབས་སོགས་སྲོལ་རྒྱུན་རིག་གནས་ཤུལ་བཞག་མང་པོ་ཚུད་ཡོད་པ་རེད།
          སྐབས་དེའི་དུས་བཀག་གྲོས་ཚོགས་ཟླ་12ཚེས་4ཉིན་ཧན་གོའི་ཅི་ཀྲོའུ་གླིང་ཕྲན་དུ་འགོ་ཚུགས་པ་དང་། འཛམ་གླིང་རྒྱལ་ཁབ་ཁག་ནས་ཡོང་བའི་འཐུས་མི་1000ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།
          མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་སྲིད་གཞུང་དབར་གྱི་ཨུ་ཡོན་ལྷན་ཁང་ནི་《མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་སྤྱི་ཆིངས་》ཀྱི་ཁྲིམས་བཀོད་ལས་ཁུངས་ཡིན་པ་དང་། 《མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་སྤྱི་ཆིངས་》ཀྱི་ཆེས་མཐོའི་དབང་འཛིན་ལས་ཁུངས་ཀྱི་ཆིངས་འཇོག་རྒྱལ་ཁབ་ཚོགས་ཆེན་ཐོག་བདམས་ཐོན་བྱུང་བའི་ཆིངས་འཇོག་རྒྱལ་ཁབ་24ལས་གྲུབ་པ་ཞིག་ཡིན་པ་དང་། ལས་འགན་ཁུར་ཡུན་ལོ་4ཡིན་པ་རེད། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་ནི་འབྲེལ་ཡོད་སྡེ་ཁུལ་དང་། ཚོགས་སྤྱི། མི་སྒེར་བཅས་ཀྱི་མོས་སེམས་དང་རྒྱུན་མཐུད་བསམ་པར་བརྟེན་ནས་བསྐྱངས་པ་ཞིག་ཡིན་ལ། འཛམ་གླིང་གི་རིག་གནས་སྣ་མང་རང་བཞིན་དང་མིའི་རིགས་ཀྱི་གསར་གཏོད་ནུས་པ་འགན་ལེན་བྱེད་པའི་ཐོན་ཁུངས་གལ་ཆེན་ཞིག་ཀྱང་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།