འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།“དར་གོས་ལམ་བུར་འཚོལ་ཞིབ་གསར་པ་བྱེད”ཨ་ཧྥེ་རི་ཁ་ཤར་མར་བསྐྱོད་པ། 

    ཀྲང་ཡན་ཧུའེ་དང་ཅིང་ཅཱ་དབྱིས།  

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་17ཉིན། 11:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         “ཁྱོད་ཀྱིས་མོང་པཱ་སཱ་གྲུ་ཁ་ནས་ནེ་རོ་པི་བར་གྱི་ལྕགས་ལམ་ཤེས་ཀྱི་ཡོད་དམ”
         “ཤེས་དགོས་བྱུང་། ངའི་བུ་སྤུན་གསུམ་འདི་གར་ལས་ཀ་བྱེད་ཀྱི་ཡོད་པ་དང་། ཀྲུང་གོ་བ་དང་མཉམ་དུ་ཧ་ལས་དགོས་པའི་ལྕགས་ལམ་བསྐྲུན་ནས་ང་ཚོའི་གྲོང་ཚོར་ལྕགས་ལམ་ཤར་གཏོང་ཐུབ་གྲབས་ཡོད”
         ཆིང་ཧྭ་སློབ་ཆེན་གྱི་སློབ་གྲྭ་ཆེ་མོ་བ་བཅུ་ལྷག་ལས་གྲུབ་པའི་རྟོག་ཞིབ་རུ་ཁག་གཅིག་གིས་ལེ་དབར་ཁྲི་ཡིས་ཆོད་པའི་པེ་ཅིང་ནས“དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ལམ་བུ”སྣུར་བསྲིང་བྱས་པའི་ཨ་ཧྥེ་རི་ཁར་ཡོང་ནས། དེ་བས་ཡངས་ཤིང་རྒྱ་ཆེ་བའི་ས་གཞིར་མིག་རྒྱང་འཕངས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྐད་སྒྲ་ཉན་ཏེ། ཁོང་ཚོའི་འཕེལ་རྒྱས་ཀྱི་དགོས་མཁོ་ཤེས་རྟོགས་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁ་མཉམ་ལས་ཀྱི་ཁྱབ་ཚད་དང་ཟབ་ཚད་སོགས་མྱོང་ཚོར་བྱས།
         “དར་གོས་ལམ་བུའི་འཚོལ་ཞིབ་གསར་པ”ནི་ཆིང་ཧྭ་སློབ་ཆེན་སྡེ་ཚོགས་ཨུ་ལྷན་གྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་དམིགས་ནས་ཇུས་འགོད་བྱས་པའི་ཕྱི་རྒྱལ་དུ་ལག་ལེན་བསྟར་བའི་རྣམ་གྲངས་ཤིག་ཡིན་པ་རེད། མུ་འབྲེལ་བྱེད་སྒོའི་ས་ཚིགས་དང་པོ་ཡིན་པའི་ངོས་ནས་གསར་འགྱུར་སློབ་གླིང་དང་། དཔལ་འབྱོར་དོ་དམ་སློབ་གླིང་། སྤྱི་པའི་དོ་དམ་སློབ་གླིང་། སྤྱི་ཚོགས་ཚན་རིག་སློབ་གླིང་། རྫས་འགྱུར་ཚན་ཁག ཆུ་བེད་ཚན་ཁག བཟོ་སྐྲུན་དངོས་ཁམས་ཚན་ཁག་སོགས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་མ་དང་། ཞིབ་འཇུག་སློབ་མ། འབུམ་རམས་པ་བཅས་ལས་གྲུབ་པའི་ཉིང་ལག་རུ་ཁག་ཅིག་བཙུགས་ནས་ཨ་ཧྥེ་རི་ཁ་ཤར་མར་བསྐྱོད་པ་རེད།
         ཉིན་བརྒྱད་ཀྱི་རྟོག་ཞིབ་ནང་ཉིང་ལག་རུ་ཁག་གིས་ཁེན་ནི་ཡ་དང་ཨེ་ཙེ་ཨོ་ཕི་ཡ་རྒྱལ་ཁབ་གཉིས་སུ་མོང་པཱ་སཱ་གྲུ་ཁ་ནས་ནེ་རོ་པི་བར་གྱི་ལྕགས་ལམ་དང་ཨེ་ཏི་སི་ཨ་པ་པ་ནས་ཅི་པོའུ་ཐི་བར་གྱི་ལྕགས་ལམ་སོགས་ཀྲུང་གོའི་ཁེ་ལས་ཀྱིས་བསྐྲུན་འགན་འཁུར་བའི་གཙོ་གནད་ལས་གྲྭར་སྔ་རྗེས་སུ་བཅར་འདྲིར་བསྐྱོད་ནས། ཀྲུང་གོ་ལམ་ཟམ་ལས་གྲྭ་ཚད་ཡོད་ཀུང་སི་དང་། ཀྲུང་གོ་ལྕགས་ལམ་ཅུས་གཉིས་པའི་མ་རྐང་ཚད་ཡོད་ཀུང་སི། ཀྲུང་གོ་ཨར་ལས་བཟོ་སྐྲུན་ཚོགས་པ་ཚད་ཡོད་ཀུང་སི། ཧྭ་ཝུའེ་ལག་རྩལ་ཚད་ཡོད་ཀུང་སི། པེ་ཅིང་སི་ཏ་དུས་རབས་མཉེན་ཆས་ལག་རྩལ་མ་རྐང་ཚད་ཡོད་ཀུང་སི། ཧྭ་ཅན་ཚོགས་པ་སོགས་ཀྲུང་གོའི་མ་འཇོག་ཁེ་ལས་དང་བཞུགས་མོལ་སྤེལ་རེས་བྱས་པ་རེད།
         ལམ་ཐག་སྤྱི་ལེ་485ཡོད་པའི་མོང་པཱ་སཱ་གྲུ་ཁ་ནས་ནེ་རོ་པི་བར་གྱི་ལྕགས་ལམ་དེ་ཨ་ཧྥེ་རི་ཁ་ཤར་མའི་གྲུ་ཁ་ཆེ་ཤོས་མོང་པཱ་སཱ་ནས་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པི་བར་འབྲེལ་ཡོད་པ་དེ་ཀྲུང་གོས་རོགས་སྐྲུན་བྱས་པའི“ཨ་ཧྥེ་རི་ཁ་ཤར་མའི་ལྕགས་ལམ་དྲ་བའི”འགོ་འཛུགས་ས་དང་ཨ་ཧྥེ་རི་ཁ་ཤར་མའི་གྲོག་རོང་ཆེ་མོ་ནས་ཧིན་རྡུ་རྒྱ་མཚོ་བར་བསྐྱོད་པའི་ཨེ་ཏི་སི་ཨ་པ་པ་ནས་ཅི་པོའུ་ཐི་བར་གྱི་ལྕགས་ལམ་ནི་ཨ་ཧྥེ་རི་ཁའི་གློག་ཤུགས་ཅན་གྱི་ལྕགས་ལམ་དང་པོ་དང་ཀྲུང་གོས་ཕྱི་རྒྱལ་དུ་ཇུས་འགོད་དང་། ཉོ་སྒྲུབ། ཨར་སྐྲུན། ལྟ་འདོམས། མ་རྩ་བསྡུ་སྒྲིལ་བཅས་གཞི་གཅིག་ཏུ་བྱས་པའི“ཀྲུང་གོ་ཅན”གྱི་ལྕགས་ལམ་རྣམ་གྲངས་ཤིག་ཀྱང་ཡིན་པ་རེད། དེ་གཉིས་ཀ“རྒྱུད་གཅིག་ལམ་གཅིག”ཨ་ཧྥེ་རི་ཁར་གཞི་ཚུགས་པའི་དཔེ་མཚོན་ལས་གྲྭར་བརྩི་ཡི་ཡོད་པ་རེད།
         ཀྲུང་གོ་བས་བསྐྲུན་པའི་རྒྱ་ཆེ་བའི་ལྕགས་ལམ་ཁྲིས་སུ་དབྱིན་ཇི་དང་ཧྥ་རན་སེས་ལོ་བརྒྱའི་གོང་དུ་བསྐྲུན་པའི་ཞེང་ཁ་སྨི་གཅིག་ཡོད་པའི“ལྕགས་ལམ་ཕྱོགས་གཅིག་མ”ཡིན་པ་དེ་ད་ཆ་རྙིང་སོང་ཕན་མེད་དུ་གྱུར་ནས་རྩྭ་ངན་གྱིས་བཏུམས་ཡོད། ཨ་ཧྥེ་རི་ཁ་ཤར་མ་ནས་སློབ་མ་ཚོས“ཀྲུང་གོའི་ལན་པར”ནས“ཀྲུང་གོའི་གསར་གཏོད”བར་གྱི་མཆོང་སྐྱོད་དངོས་སུ་མྱོང་ཚོར་ཐུབ་ཡོད། ཉིང་ལག་རུ་ཁག་གི་ཁོངས་མི། རྫས་འགྱུར་ཚན་ཁག་གི་ལོ་རིམ་བཞི་པའི་སློབ་མ་ལི་ཆན་ཉིང་གིས་བཤད་པ་ལྟར“ཁེན་ནི་ཡ་དང་ཨེ་ཙི་ཨོ་ཕི་ཡ་ནི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ཀྲུང་གོར་སློབ་སྦྱོང་བྱེད་པའི་དཔེ་མཚོན་ལྟ་བུ་ཡིན་པ་དང་། དེ་གར་ཀྲུང་གོའི་གཞི་རྒྱུ་གང་ས་ནས་མཐོང་རྒྱུ་ཡོད་པ་རེད”
         དབུལ་པོའིསྡོད་ཁུལ་གྱི་བྱིས་པས་ཀྲུང་གོ་བ་མཐོང་འཕྲལ“China སྐུ་ཁམས་བཟང”ཞེས་སྐད་ཤུགས་ཆེན་པོས་འབོད་པ་དང་། ཀྲུང་གོའི་གྲངས་གཞི་འཁོར་རྒྱུག་ཚོང་པས་ས་གནས་དེ་གའི་སྐད་དུ་བསྒྱུར་བའི་ཀྲུང་གོའི་གློག་བརྙན་དང་བརྙན་འཕྲིན་བརྩམས་ཆོས་དུད་ཚང་ཁྲི་སྟོང་མང་པོར་བརྒྱུད་བསྒྲགས་བྱས་པ་མ་ཟད། ཁུང་ཙི་སློབ་གླིང་གིས་ཨ་ཧྥེ་རི་ཁ་ཤར་མར་རྒྱ་སྐད་ཀྱི་ཚ་རླབས་འཕྱུར་བར་བྱས་པ་དང་། ས་གནས་དེ་གའི་མིར་ཀྲུང་གོའི་དགེ་རྒན་གྱིས་ལག་རྩལ་དམར་ཁྲིད་བྱས་པ་ལས་ལས་ཀ་རག་ཡོད། འདྲ་མཚུངས་ཀྱི་ལོ་རྒྱུས་དང་ཐུན་མོང་གི་འཕེལ་རྒྱས་ལས་འགན་མདུན་དུ་ཨ་ཧྥེ་རི་ཁར་ཕྱོགས་པའི་ཀྲུང་གོའི་ལྷག་བསམ་རྣམ་དག་གི་ལས་ཀའི་ལམ་ཕྱོགས་ཀྱི་མཛུབ་སྟོན་འོག་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱ་ཐུབ་ངེས་རེད།
         “ཕུལ་བྱུང་ན་གཞོན་སློབ་མ་ཨ་ཧྥེ་རི་ཁར་སྐྱོད་པ་ནི་མིག་རྒྱང་རིང་བའི་བྱེད་ཐབས་ཤིག་ཡིན”“ཆིང་ཧྭའི་སློབ་མ་ནི་ང་ཚོས་བསུས་པའི་སློབ་གྲྭ་ཆེ་མོ་བ་ཁག་དང་པོ་ཡིན་པས་ཁྱེད་ཚོའི་ཁྲོད་ནས་འབྱུང་འགྱུར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་བྱ་གཞག་ནང་ཞུགས་མཁན་ཐོན་རྒྱུའི་རེ་བ་ཡོད” ཆིང་ཧྭ་སློབ་ཆེན་ཨ་ཧྥེ་རི་ཁ་ཤར་མར་བསྐྱོད་མཁན་སྤྱི་ཚོགས་ལག་ལེན་གྱི་ཉིང་ལག་རུ་ཁག་གང་དུ་བསྐྱོད་ཀྱང་ས་གནས་དེ་གའི་མི་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད། ཨ་ཧྥེ་རི་ཁར་ཡོད་པའི་ཀྲུང་གོའི་ཁེ་ལས་དང་སྒྲིག་གཞིའི་བསྟོད་བསྔགས་ཆེན་པོ་ཡང་ཐོབ་ཀྱི་ཡོད་པ་རེད།
         ད་ཐེངས་ཨ་ཧྥེ་རི་ཁར་སྐྱོད་པའི་ལག་ལེན་ལས་ཆིང་ཧྭ་སློབ་མས་ཨ་ཧྥེ་རི་ཁ་དང་ཀྲུང་གོ་སྲིད་གཞུང་དང་ཁེ་ལས་ཀྱིས་ཨ་ཧྥེ་རི་ཁའི་འཕེལ་རྒྱས་དོན་དུ་དཀའ་སྤྱད་འབད་འཐབ་བྱས་པའི་དཔང་པོ་བྱས་པ་མ་ཟད། “གོ་ལ་ཧྲིལ་པོ་ཅན”དེ“ཡོ་རོབ་དང་ཨ་མེ་རི་ཁ་གླིང་ཅན”མིན་པའི་ངོས་འཛིན་གཏིང་ཟབ་བྱུང་བ་དང་། ཨ་ཧྥེ་རི་ཁ་དེ་ཀྲུང་གོའི་གོ་ལ་ཧྲིལ་པོ་འཕེལ་རྒྱས་གཏོང་བའི་ངོས་ནས་དོན་སྙིང་གལ་ཆེན་ལྡན་པའི་ངོས་འཛིན་བྱུང་བ། རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་གཞུང་ཁོངས་ཁེ་ལས་ཀྱི་འགྱུར་ལྡོག་དང་ཆིང་ཧྭའི་ལས་འགན་དང་རང་ངོས་ཀྱི་ངེས་གནས་བཅས་ངོས་འཛིན་ཐུབ་ཡོད། ད་ཐེངས་ཀྱི་ལག་ལེན་ནི་ཆིང་ཧྭ་སློབ་མ“ཨ་ཧྥེ་རི་ཁར་སྐྱོད”ཐེངས་དང་པོ་ཡིན་པ་དང་སླད་ཕྱིན“ཨ་ཧྥེ་རི་ཁ་ཡོངས་ལ་སྐྱོད་པའི”རེ་བ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།