འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ལས་ཞུགས་བོད་སྐྱོར་ལས་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཐོན་སློབ་མར་ལས་གནས་ཁྲི་4
    ལྷག་མཁོ་འདོན་ཐུབ་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་18ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་བོད་རང་སྐྱོང་ལྗོངས་ལས་ཞུགས་བོད་སྐྱོར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། 2012ལོར་ལས་ཞུགས་བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས་ཚུན། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་དང་བོད་སྐྱོར་ཀྲུང་དབྱང་ཁེ་ལས་ཀྱིས་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཐོན་སློབ་མར་ལས་གནས་ཁྲི་4ལྷག་ཙམ་མཁོ་འདོན་བྱས་པས་ལས་ཞུགས་བོད་སྐྱོར་དེ་ཉིད་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད། 
         2010ལོར། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག“བོད་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་གྱི་ཞིང་ཆེན་དང་། གྲོང་ཁྱེར། ཁེ་ལས་བཅས་ཀྱིས་ལོ་ལྟར་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་གྲངས་འབོར་ངེས་ཅན་ལས་ཞུགས་བྱ་རྒྱུར་བསྡུ་དགོས”ཞེས་བཏོན་ཡོད། དགོངས་དོན་དེ་གཞིར་བཟུང་། བོད་སྐྱོར་ཞིང་ཆེན་དང་ཐད་གཏོགས་གྲོང་ཁྱེར་17དང་ཀྲུང་དབྱང་གི་བོད་སྐྱོར་ཁེ་ལས་17གྱིས་ལོ་ལྟར་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་ལས་གནས་སྤྲོད་ཀྱི་ཡོད་པ་རེད། 
          ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ནས་བཟུང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། དེ་བཞིན་བོད་སྐྱོར་ཁེ་ལས་ཀྱིས་ལས་ཞུགས་བོད་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་བོད་ལ་ལས་གནས་11065སྤྲད་པ་དང་། ས་གནས་ས་ཐོག་གི་གདན་ཞུ་དང་། དྲ་ཐོག་གི་གདན་ཞུ། ཆེད་མངགས་རྒྱུགས་བསྡུ་བཅས་ཐེངས་10ལྷག་བྱས་པ་རེད། 
         ཟླ་11པའི་ཟླ་མཇུག་ཏུ་འཚོགས་པའི་ཀོང་ཏུང་ཞིང་ཆེན་དང་ཁྲུང་ཆིང་གྲོང་ཁྱེར་གྱི་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་བསྡུ་བའི་ཆེད་དོན་འདུ་ཚོགས་ལ་ཀོང་ཏུང་དང་ཁྲུང་ཆིང་ས་ཆ་གཉིས་པོའི་མི་སྤྱོད་ཚན་པ་135ཡིས་ལས་གནས་1872མཁོ་འདོན་བྱས་པར་ལས་ཀ་འཚོལ་མཁན་སློབ་ཆེན་སློབ་མ་མི་ཐེངས་359ཟིན་པ་དང་ལས་ཞུགས་ཀྱི་འདོད་མོས་གན་རྒྱ་བཞག་པའི་མི་105ཟིན་ཡོད། 
         བོད་ལྗོངས་ནག་ཆུ་ས་ཁུལ་སྙན་རོང་རྫོང་བེ་གཞུང་ཤང་གི་བཀྲ་ཤིས་མཚོ་མོ་ནི་ལས་ཞུགས་བོད་སྐྱོར་གྱི་ཕན་པ་ཐོབ་པའི་གྲས་ཤིག་རེད། ལོ་བཞིའི་གོང་ཧྲེན་ཧྭ་ཚོགས་པའི་ལས་ཞུགས་བོད་སྐྱོར་གྱི་གདན་ཞུའི་འཆར་གཞིའི་མི་100ཡི་ཁྲོད་ཁོ་མོ་གཟེངས་སུ་ཐོན་ནས་ཤིས་ཨན་དུ་ལས་ཀ་རག་པ་དང་ད་ཆ་ཤིས་ཨན་དུ་གནས་བཅས་ཡོད། ཁོ་མོས“ལས་ཞུགས་བོད་སྐྱོར་ལས་ངར་མདུན་ལམ་དེ་བས་ལེགས་པ་རག་བྱུང”ཞེས་བཤད། 
         གསར་འགོད་པར་ཤེས་རྟོགས་བྱུང་བར། ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་དེ་བས་མང་བ་ལྗོངས་ཕྱིར་ལས་ཀ་བྱེད་པར་བསྐྱོད་རྒྱུར་ལྕག་སྐུལ་གཏོང་ཆེད། བོད་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་སྤྲོད་ཐེངས་གཅིག་ལ་ལམ་གྲོན་ཁ་གསབ་སྒོར་2000དང་མང་ཤོས་ལ་ལོ་5ཡི་འཚོ་བའི་ཁ་གསབ་དང་སྡོད་ཁང་ཁ་གསབ་སྤྲོད་པ་སོགས་ཚུད་པའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་ཡོད། 
          བོད་རང་སྐྱོང་ལྗོངས་ལས་ཞུགས་བོད་སྐྱོར་གཞུང་ལས་ཁང་གི་འགན་འཁུར་བས“བོད་ཀྱི་སློབ་མ་ནང་སར་ལས་ཞུགས་བྱེད་པར་བསྐྱོད་ཚེ་ཕྱོགས་གཅིག་ནས་སྔོན་ཐོན་གྱི་དོ་དམ་ལྟ་བ་དང་ལག་རྩལ་སྦྱོང་ཐུབ་པ་མ་ཟད། ཕྱོགས་གཞན་ཞིག་ནས་མི་རིགས་ཕན་ཚུན་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཟབ་ཏུ་གཏོང་ཐུབ”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།