འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གྲྭར་སྤྲི་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་འགོ་ཚུགས་པ། 

    ཆི་སི་དེ་དཀར་ཆུའི་ཐོན་ལས་དར་སྤེལ་གཏོང་བའི་སྟོབས་ཤུགས་སུ་འགྱུར་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་17ཉིན། 11:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་སྔོན། སློབ་གྲྭར་སྤྲི་ཁྱབ་གདལ་གཏོང་བའི་བྱེད་སྒོ་དང“ཕུགས་འདུན་བུམ་པ”ཞེས་པའི་པེ་ཅིང་གི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་པེ་ཅིང་དུ་འགོ་ཚུགས་ཤིང་། འདི་ནི་ཞིང་ལས་པུས་དར་སྤེལ་བཏང་བའི“ཀྲུང་གོའི་འབྱོར་འབྲིང་དཀར་ཆུའི་བྱ་སྤྱོད”ཀྱི་རིམ་སྤེལ་བྱེད་སྒོའི་གྲས་ཤིག་ཡིན་པ་དང་། དམིགས་ཡུལ་གཙོ་བོ་ནི་གཞོན་ནུ་ལོ་ཆུང་ཚོས་སྤྲི་ཟ་བ་དང་སྦྱོང་བརྡར་བྱེད་པའི་གོམས་གཤིས་འཇགས་པར་བྱས་ནས་གཟུགས་པོའི་བྱང་ཚད་མཐོ་རུ་བཏང་སྟེ་རྐང་རྩེད་སྤོ་ལོ་སོགས་ལུས་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དཀར་ཆུའི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་དཀར་ཆུའི་ཐོན་རྫས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།
         ཉེ་བའི་ལོའི་ནང་རྒྱལ་ཁབ་ཀྱིས་དཀར་ཆུའི་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་སྟབས། ཐོན་ལས་ཀྱི་བྱང་ཚད་དང་སྤུས་ཚད་དང་དེ་བཞིན་བདེ་འཇགས་ཀྱི་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་ཡོད་ལ་དཀར་ཆུའི་ཐོན་རྫས་ཀྱི་འཛད་སྤྱོད་ཀྱང་བརྟན་པོའི་ངང་འཕར་མོད། འོན་ཀྱང་ཐོན་རྫས་ཀྱི་མཁོ་སྤྲོད་གྲུབ་ཆ་དོ་སྙོམས་མེད་པ་དང་འཛད་སྤྱོད་སྐྱེད་སྲིང་མི་འདང་བ་སོགས་ཀྱི་གནད་དོན་ཡང་ཐོན་ཡོད། མིག་སྔར་རང་རྒྱལ་གྱི་མི་རེའི་ཆ་སྙོམས་དཀར་ཆུའི་ཐོན་རྫས་དེ་འོ་མ་སོས་པ་འཛད་སྤྱོད་བྱེད་ཚད་ལ་ཕབ་ན་ལོ་ལྟར་སྤྱི་རྒྱ་36ཟིན་པ་དེས་འཛམ་གླིང་གི་ཆ་སྙོམས་ཆུ་ཚད་ཀྱི་1/3ལས་ཟིན་གྱི་མེད། སྤྲིའི་འཛད་སྤྱོད་ད་ལྟ་འགོ་ཚུགས་མ་ཐག་ཡིན་པས་མི་རེའི་ལོ་རེའི་ཆ་སྙོམས་འཛད་སྤྱོད་བྱེད་ཚད་སྤྱི་རྒྱ་0.1ལའང་སླེབས་ཀྱི་མེད་པས་འཛམ་གླིང་གི་ཆ་སྙོམས་ཆུ་ཚད་ཀྱི་1/26རེད།
          སྤྲིར་འོ་མའི་ཉིང་ཁུ་ཞེས་ཟེར་སྲོལ་ཡོད། སྤྲི་ཁེ་100ཡི་ནང་ཀལ་ཁེ་0.8ཡོད་པས་གཞོན་ནུ་ལོ་ཆུང་ལ་ཉིན་ལྟར་མཁོ་བའི་ཀལ་གྱི་འཚོ་བཅུད་ཀྱི་60%ཡི་དགོས་མཁོ་སྐོང་ཀྱི་ཡོད། ཞིང་ལས་པུའི་པུའུ་ཀྲང་གཞོན་པ་ཡུས་ཁང་ཀྲེན་གྱིས་དཀར་ཆུའི་ཐོན་ལས་དར་རྒྱས་གཏོང་བར་འཛད་སྤྱོད་ལ་ཁྲིད་སྟོན་བྱེད་དགོས་པས་སྤྲི་ནི་འགག་གནད་སྒྲོལ་ས་ཞིག་ཡིན། གོམ་སྟབས་རྗེས་མར་དཀར་ཆུའི་ཐོན་ལས་འཕེལ་རྒྱས་གཏོང་བར་འཛད་སྤྱོད་ལ་ཁྲིད་སྟོན་བྱས་ཏེ་སྤྲིའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་འགག་གནད་སྒྲོལ་སར་བྱས་ནས། དཀར་ཆུའི་རྟེན་གཞི་འཛུགས་སྐྲུན་དང་དཀར་ཆུའི་ཐོན་ལས་ལེགས་གཏོང་རིམ་སྤོར་གྱི་སྒུལ་ཤུགས་གསར་པ་བསྣན་ཏེ་འབྲོག་པར་འབབ་འཕར་དང་ཁེ་ལས་ལ་ཕན་འཕར་ཡོང་བའི་དམིགས་ཚད་མངོན་འགྱུར་ཐུབ་པ་བྱས་ནས། རང་རྒྱལ་འདི་ཉིད་དཀར་ཆུའི་ཐོན་ལས་ཀྱི་རྒྱལ་ཁབ་ཆེན་པོ་ནས་དཀར་ཆུའི་ཐོན་ལས་ཀྱི་སྟོབས་ཆེན་རྒྱལ་ཁབ་བར་གྱི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།