འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོར་ཕྱི་སྦྱོང་དུ་འགྲོ་བ་ནི་མི་ཚེའི་རྒྱུ་ནོར་རྩ་ཆེན་ཞིག་རེད། 

    རི་པིན་དུ་བཅའ་སྡོད་ཀྲུང་གོའི་གསར་འགོད་པ། ལིའུ་ཅུན་གོ་ཡིས། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་18ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          ཉེ་ཆར། རི་པིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དུ་འཁྲུག་ཆ་ཧ་ཅང་དོད་པོ་ཡོད། 2017ལོའི་ལོ་འཁོར་གྱི་རི་པིན་གྱི་ཀྲུང་གོར་ཕྱི་སྦྱོང་དུ་འགྲོ་མཁན་ཚོ་སློབ་གྲྭ་ཐོན་པའི་སྤེལ་རེས་ཚོགས་འདུ་སྟེ་《བརྗེད་པར་དཀའ་བའི་ཀྲུང་གོར་ཕྱི་སྦྱོང་དུ་ཕྱིན་པའི་གཏམ་རྒྱུད་》ཅེས་པ་ཐོག་མར་འགྲེམས་སྤེལ་བྱེད་པའི་བྱེད་སྒོ་དེ་གར་སྤེལ་བ་དང་རྒྱལ་ཁབ་གཉིས་པོའི་མི་སྣ་300ལྷག་ཙམ་གྱིས་ཀྲུང་གོ་དང་རི་པིན་དབར་གྱི་མཛའ་གྲོགས་ལྷུག་པོར་སྤེལ་རེས་བྱས་པ་རེད།
          2015ལོ་ནས་བཟུང་རི་པིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ལོ་ལྟར་གྱི་ལོ་མཇུག་ཏུ་རི་པིན་གྱི་ཀྲུང་གོར་ཕྱི་སྦྱོང་དུ་འགྲོ་མཁན་སློབ་ཐོན་སློབ་མའི་སྤེལ་རེས་ཚོགས་འདུ་འཚོག་གི་ཡོད་པས། རི་པིན་གྱི་ལས་རིགས་ཁག་གི་གདེང་འཇོག་བཟང་པོ་ཐོབ་ཡོད། འདི་ལོའི་སྤེལ་རེས་ཚོགས་འདུའི་ཐོག་རི་པིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གཞུང་ཚབ་ལིའུ་ཧྲའོ་པིང་གིས་གཞུང་ཚབ་ཆེ་མོ་བ་ཁྲེང་ཡུང་ཧྭ་ཡི་ཚབ་ཞུས་ཏེ་ཤིས་ཚིག་རྗོད་སྐབས། ཀྲུང་གོར་ཕྱི་སྦྱོང་དུ་འགྲོ་མཁན་སློབ་ཐོན་སློབ་མ་ཚོས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ཏེ། ཀྲུང་གོ་དང་རི་པིན་རྒྱལ་ཁབ་གཉིས་པོའི་རང་སོ་སོའི་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་མ་ཧུར་ཐག་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དང་དུས་ཡུན་རིང་པོའི་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད། རི་པིན་གྱི་གཞོན་ནུ་དེ་བས་མང་བ་ཀྲུང་གོར་ཕྱི་སྦྱོང་དུ་བསྐྱོད་ནས་ཀྲུང་གོ་དང་རི་པིན་དབར་གྱི་མཛའ་གྲོགས་ཟབ་མོའི་ཁྲོད་ཞུགས་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད།
         ཁྲེང་ཡུང་ཧྭ་ཡིས་《བརྗེད་པར་དཀའ་བའི་ཀྲུང་གོར་ཕྱི་སྦྱོང་དུ་ཕྱིན་པའི་གཏམ་རྒྱུད་》ཀྱི་འགོ་བརྗོད་དུ“རྩོམ་པ་པོ་ཕྱི་སྦྱོང་དུ་ཕྱིན་ནས་ད་བར་དུས་རབས་ཕྱེད་ཀ་ཙམ་ཕྱིན་པ་དང་། ཕྱི་སྦྱོང་བྱ་ཡུལ་སློབ་ཆེན་ཀྲུང་གོའི་ཞིང་ཆེན་མང་པོར་ཁྱབ་པ། གཏམ་རྒྱུད་ཐུང་ཐུང་མང་པོ་གཅིག་ཏུ་བསྡུས་ནས་བསྒྲིགས་པའི་རྩོམ་ཡིག་ཀྲུང་གོར་ཕྱི་སྦྱོང་དུ་ཕྱིན་པའི་རི་པིན་གྱི་སློབ་ཐོན་སློབ་མ་ཁྲི་23གྱི་བསྡུས་རིས་ཤིག་ཏུ་གྱུར་ཡོད་པ་མ་ཟད། ཀྲུང་གོ་དང་རི་པིན་རྒྱལ་ཁབ་གཉིས་པོའི་དབར་གྱི་འབྲེལ་བའི་དུས་རབས་ཀྱི་འཕོ་འགྱུར་མཚོན་ལ། ཀྲུང་གོས་སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་གྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུའང་མཚོན་གྱི་ཡོད”ཅེས་བརྗོད།
         “བརྩམས་ཆོས་མང་པོ་ཞིག་ཀློག་པ་བརྒྱུད་རི་པིན་གྱི་ཕྱི་སྦྱོང་སློབ་མས་ཀྲུང་གོའི་ས་གནས་ཁག་ཏུ་ཉམས་མྱོང་སྣ་ཚོགས་བརྒྱུད་ཀྲུང་གོའི་མི་སེར་དང་ལྷག་བསམ་རྣམ་དག་གིས་སྤེལ་རེས་བྱས་པ་དེ་དག་རི་པིན་དང་ཀྲུང་གོའི་འབྲེལ་བར་འདེགས་སྐྱོར་བྱེད་པའི་རྨང་རྡོ་གལ་ཆེན་དང་སྟོབས་ཤུགས་ཆེན་པོའི་འབྱུང་རྩར་གྱུར་པ་ཤེས་རྟོགས་གང་ལེགས་བྱུང་ཡོད” རི་པིན་གྱི་དབུ་བཞུགས་བློན་ཆེན་ཟུར་པ་ཕུའུ་ཐེན་ཁང་ཕུའུ་ཡིས་སློབ་དེབ་དེར་བཀོད་པའི་འགོ་བརྗོད་དུ་འབྱུང་འགྱུར་གྱི་རི་པིན་དང་ཀྲུང་གོའི་འབྲེལ་བ་གྲུབ་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་སྤེལ་རེས་ལ་མེད་ན་མེད་ཐབས་མེད་ཅེས་བརྗོད།
         “ཀྲུང་གོར་ཕྱི་སྦྱོང་དུ་འགྲོ་མཁན་ནི་མི་ཚེའི་རྒྱུ་ནོར་རྩ་ཆེན་ཞིག་རེད”ལོ་35ཡི་གོང་པེ་ཅིང་དུ་ཕྱི་སྦྱོང་དུ་འགྲོ་མཁན་རི་པིན་གྱི་གྲོས་ཁང་གོང་མའི་གྲོས་མི་ཤིས་ཐེན་ཧྲེ་རིན་གྱིས་རྩོམ་ཡིག་ནང་ཀྲུང་གོར་ཕྱི་སྦྱོང་དུ་ཕྱིན་པའི་ཉམས་མྱོང་གིས་རང་ཉིད་ཀྱི་མི་ཚེར་ནུས་པ་གལ་ཆེན་ཐོན་པ་གསལ་བཤད་བྱས་ཡོད་པ་དང་། ཁོང་གིས“ཀྲུང་གོར་འཚོ་བ་བསྐྱལ་བ་དེས་རང་ཉིད་ཀྱིས་ཀྲུང་གོ་དང་རི་པིན་ལ་དེ་བས་ཤེས་རྟོགས་ཐུབ་པ་དང་དེ་བཞིན་རི་པིན་བ་ཡིན་པའི་རང་ཉིད་ཤེས་རྟོགས་དེ་བས་ཐུབ་བྱུང་། ཀྲུང་གོར་ཕྱི་སྦྱོང་དུ་ཕྱིན་པའི་ནུས་པ་ནི་སྐད་བརྡའི་ཆུ་ཚད་མཐོ་རུ་སོང་བ་ཙམ་མ་ཟད། ད་དུང་མི་ཚེའི་ཚོར་ཤེས་དེ་བས་ཟབ་ཏུ་ཕྱིན་སོང”ཞེས་བྲིས་ཡོད།
          ཀྲུང་གོར་ཕྱི་སྦྱོང་དུ་ཕྱིན་པ་ལས་ཀྲུང་གོར་དགའ་ཞེན་བྱེད་པ་མ་ཟད་ཀྲུང་གོར་ཚེ་གང་འཚོ་བ་སྐྱེལ་རྒྱུའི་ཐག་བཅད་པའི་ཀྲུང་ཚུན་ཅི་ཙེ་ཆེད་མངགས་ཝུའུ་ཧན་ནས་ཐོ་ཁེའོ་དུ་ཕྱིན་པ་རེད། ཀྲུང་གོར་འཚོ་བ་བསྐྱལ་ནས་ལོ་15སོང་བའི་ཁོང་གིས་ལག་པར་རང་ཉིད་ལ་བྱ་དགའ་ཐོབ་པའི་བརྩམས་ཆོས་《བརྗེད་པར་དཀའ་བའི་ཀྲུང་གོར་ཕྱི་སྦྱོང་དུ་ཕྱིན་པའི་གཏམ་རྒྱུད་》ཞེས་པའི་དེབ་དེ་ཁྱེར་ཏེ་དགའ་ཚོར་དང་སེམས་འགུལ་ཐེབས་པའི་རྣམ་པ་རྗོད་བཞིན་མིག་མཆི་མས་ཁེངས།
          “ང་དང་ད་ཆ་རི་པིན་དུ་ཕྱི་སྦྱོང་བྱེད་བཞིན་པའི་དགའ་རོགས་ཀྲང་ཧུང་གིས་སླད་ཕྱིན་ཤིས་ཨན་དུ་མཉམ་དུ་འཚོ་བ་སྐྱེལ་རྒྱུའི་འདུན་པ་འཆང་བཞིན་གོམ་པ་རེ་རེ་བྱས་ཏེ་མདུན་ཕྱོགས་སུ་འབད་བརྩོན་བྱེད་བཞིན་ཡོད” ཀྲུང་གོར་འབུམ་རམས་པའི་སློབ་གནས་སྦྱོང་བཞིན་པའི་ཞའོ་ལིང་ཞུང་ཧོའང་ཆེད་མངགས་རི་པིན་དུ་བསྐྱོད་པ་ཞིག་རེད། ཁོང་གིས་རྩོམ་ཡིག་ནང་རང་ཉིད་དང་ཀྲུང་གོར་བོགས་གཏོང་རླངས་འཁོར་གཏོང་བཞིན་པའི་ཁ་ལོ་བའི་དབར་ལྷག་བསམ་རྣམ་དག་གིས་སྤེལ་རེས་བྱས་པ་ལས་ཕན་ཚུན་རྒྱུས་མངའ་ལོན་པའི་གཏམ་རྒྱུད་མཉམ་སྤྱོད་བྱས། 2013ལོར་ཞའོ་ལིན་ལ་ཀྲུང་གོ་སྲིད་གཞུང་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་རག་པ་དང་ཧྲའན་ཤིས་དགེ་འོས་སློབ་ཆེན་དུ་རབ་འབྱམས་པའི་སློབ་གནས་སྦྱངས་ཏེ་སློབ་གྲྭ་ཐོན་རྗེས་ཁྲང་ཨན་སློབ་ཆེན་དུ་ཕྱི་རྒྱལ་གྱི་དགེ་རྒན་བྱས་ནས་བསྡད་པ་དང་། འདི་ལོའི་ཟླ་དགུ་པར་སླར་ཡང་མ་ཡུམ་སློབ་གྲྭར་འབུམ་རམས་པའི་སློབ་གནས་སྦྱོང་བར་བསྐྱོད་ཡོད།
          ཀྲུང་གོ་དང་རི་པིན་གྱི་འབྲེལ་བ་རྒྱུན་གཏན་ཅན་དུ་གྱུར་ནས་ལོ་45འཁོར་བར་དྲན་གསོ་ཞུ་ཆེད། རི་པིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་རྒྱབ་སྐྱོར་འོག་རི་པིན་གྱི་ཕྱིར་སྡོད་ཀྲུང་གོ་བའི་ཚགས་པར་ཁང་གིས་འདི་ལོའི་ཟླ་4པར“བརྗེད་པར་དཀའ་བའི་ཀྲུང་གོར་ཕྱི་སྦྱོང་དུ་ཕྱིན་པའི་གཏམ་རྒྱུད”ཀྱི་རྩོམ་ཡིག་བསྡུ་བའི་བྱེད་སྒོ་སྐབས་དང་པོ་སྤེལ་བ་རེད། ཉིན་45ཡི་རིང་རྩོམ་ཡིག་93འབྱོར་བ་དང་རྩོམ་ཡིག་གི་རྩོམ་པ་པོའི་ནང་ལས་འཁྱུར་བྱས་པའི་རྒན་རྒོན་ཡོད་ལ་ཀྲུང་གོར་ཕྱི་སྦྱོང་བྱེད་བཞིན་པའི་ན་གཞོན་སློབ་མའང་ཡོད་པ་མ་ཟད། ཕྱི་འབྲེལ་དཔོན་དང་། སློབ་གྲྭ་ཆེ་མོའི་དགེ་རྒན་ཆེ་མོ་བ། ཁེ་ལས་ཀྱི་མཐོ་རིམ་དོ་དམ་པ་བཅས་ཀྱང་ཡོད། ཁོང་ཚོ་ཁག་གཅིག་གིས་ཕྱི་སྦྱོང་དུ་ཕྱིན་པའི་དབང་གིས་ཀྲུང་གོ་དང་ལས་འབྲེལ་བཟང་པོ་བྱུང་བ་དང་། ཀྲུང་གོའི་དྲིན་ཆེན་དགེ་རྒན་དང་སློབ་གྲོགས་དབར་གྱི་སྤེལ་རེས། མིག་སྔའི་ཀྲུང་གོའི་དབར་གྱི་འབྲེལ་བ་བཅས་ཟིན་བྲིས་བརྒྱབ་ཡོད་པ་དང་། ཁག་གཅིག་གིས་ངོ་ཤེས་པའི་གྲོགས་པོ་དང་མྱོང་ཚོར་ཟབ་མོ་བྱུང་བའི་ཀྲུང་གོའི་ཡིད་དབང་འགུག་ཤུགས་ཟིན་བྲིས་བརྒྱབ་པ་མ་ཟད། ཁག་གཅིག་གིས་ཀྲུང་གོ་དང་རི་པིན་དབར་གྱི་འབྲེལ་བའི་འཕེལ་རྒྱས་ཐད་དགེ་མཚན་ལྡན་པའི་བསམ་འཆར་བཏོན་ཡོད།
          བྱ་དགའ་ཐོབ་པའི་རྩོམ་ཡིག་45བཀོད་པའི་《བརྗེད་པར་དཀའ་བའི་ཀྲུང་གོར་ཕྱི་སྦྱོང་དུ་ཕྱིན་པའི་གཏམ་རྒྱུད་》ཉེ་དུས་རི་པིན་གྱི་དཔེ་ཚོང་ཁང་ཆེ་གྲས་ཁག་ཏུ་འདོན་རྒྱུ་རེད། རི་པིན་གྱི་ཕྱིར་སྡོད་ཀྲུང་གོ་བའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཏོན་གཡོད་ཀྲུང་གིས་རི་པིན་གྱི་ཀྲུང་གོར་ཕྱི་སྦྱོང་དུ་འགྲོ་མཁན་སློབ་ཐོན་སློབ་མས་ཡིག་རིགས་བརྒྱུད་ཤེས་རྟོགས་དང་རྒྱུས་མངའ་ལོན་པའི་ཀྲུང་གོ་དང་ཀྲུང་གོ་བ་ངོ་སྤྲོད་བྱས་ཏེ་རི་པིན་བ་དེ་བས་མང་བ་ཀྲུང་གོར་ཕྱི་སྦྱོང་དུ་སྐྱོད་པའི་དོན་སྙིང་ཤེས་རྟོགས་དང་རི་པིན་བ་དེ་བས་མང་བས་ཀྲུང་གོའི་ཡིད་དབང་འགུག་ཤུགས་ཚོར་བའི་རེ་བ་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།