འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཞི་པའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཕུན་སུམ་ཚོགས་པོའི་ངང་གྲོལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་07ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་5ཉིན། སྐབས་བཞི་པའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཀྲེ་ཅང་ཝུའུ་ཀྲེན་དུ་གྲོལ་བ་རེད། འདས་མ་ཐག་པའི་ཉིན་གསུམ་ནང་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་80ལྷག་ཙམ་གྱི་སྐུ་མགྲོན་1500ལྷག་ཙམ་གྱིས“གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་བཏང་ནས་སྒོ་དབྱེ་མཉམ་སྤྱོད་ལ་སྐུལ་འདེད་གཏོང་། ལག་གདང་སྦྲེལ་ནས་དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་སྐྲུན”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ་བསམ་བློ་དང་བློ་རིག་ལེགས་སྐྱེས་དང་། གསར་གཏོད་གྲུབ་འབྲས་འགྲེམས་སྟོན། མཉམ་ལས་ཐབས་ལམ་གྲོས་བསྡུར། འབྱུང་འགྱུར་ལ་རྒྱང་ལྟ་བཅས་བྱས་པར་གཡུར་ཟའི་གྲུབ་འབྲས་ཐོབ་པ་རེད།
         ཚོགས་ཆེན་ཐོག་ཕྱོགས་ཁག་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་འགྲིལ་བྱས་ཏེ་བསམ་བློ་དང་ལྟ་ཚུལ་གསར་པ་མཉམ་སྤྱོད་དང་བློ་རིག་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཡོད། ཡན་ལག་གླེང་སྟེགས་20ཡི་བརྗོད་དོན་གཙོ་བོ་མངོན་གསལ་དོད་པ་དང་རང་རང་གི་ཁྱད་ཆོས་ལྡན་པས་ཚོགས་ཞུགས་སྐུ་མགྲོན་ཚོའི་བསམ་གཞིག་མཉམ་སྤྱོད་དང་ལྟ་ཚུལ་གསར་པ་ལེགས་སྐྱེས་འབུལ་བའི་ལས་སྟེགས་རྩེ་གྲར་གྱུར་ཡོད། སྐབས་འདིའི་ཚོགས་ཆེན་གྱི་གསར་གཏོད་བྱ་ཐབས་གལ་ཆེན་ཞིག་ནི་《ཀྲུང་གོའི་དྲ་སྦྲེལ་འཕེལ་རྒྱས་སྙན་ཞུ་2017》དང་《འཛམ་གླིང་དྲ་སྦྲེལ་འཕེལ་རྒྱས་སྙན་ཞུ་2017》རྒྱབ་ཤ་སྔོན་པོའི་དེབ་གཉིས་ཐོག་མར་ཡོངས་བསྒྲགས་བྱས་ཏེ་ལོ་རྒྱུས་ཀྱི་གྲུབ་འབྲས་ཕྱོགས་སྡོམ་དང་། ད་ལྟའི་གནས་བབ་ཀྱི་ཁྱད་ཆོས་དབྱེ་ཞིབ། འཕེལ་ཕྱོགས་དང་མ་འོངས་ལ་རྒྱང་ལྟ་བཅས་བྱས་ནས་རྒྱལ་ཁབ་ཁག་གིས་དྲ་སྦྲེལ་འཕེལ་རྒྱས་ལ་སྐུལ་འདེད་སྔར་བས་ཡག་པོ་གཏོང་ཆེད་དཔྱད་གཞི་ནུས་ལྡན་མཁོ་འདོན་བྱས་པ་དེ་རེད། གཞན་ཡང་ཚོགས་ཆེན་ཐོག་ད་དུང་སྐབས་འདིའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་གྱི་ལོ་འཁོར་གྱི་གྲུབ་འབྲས་ཡིག་ཆ་《ཝུའུ་ཀྲེན་གྱི་རྒྱང་ལྟ་》ཡོངས་བསྒྲགས་བྱས་པ་དེ་ཐོག་ནས་གོ་ལ་ཧྲིལ་པོའི་དྲ་སྦྲེལ་འཕེལ་རྒྱས་དང་བཅོས་སྐྱོང་སྐོར་གྱི་ཐུན་མོང་གི་ངོས་འཛིན་ཐད་སླར་ཡང་མདུན་ཕྱོགས་སུ་གོམ་སྟབས་བརྟན་པོ་ཞིག་སྤོས་པ་མཚོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།