འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲེ་ཅང་གིས"འཛིན་བཟུང་བཀའ་རྒྱ་དམར་པོ་བཏང་བའི་མི་བརྒྱའི"གྲས་ཡིན་པའི་ཀྲོའུ་
    ཅི་དབྱང་བདེ་བླག་ངང་བཟུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་07ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་1ཉིན་ཀྲུང་དབྱང་གི་རུལ་རྒོལ་མཐུན་སྦྱོར་ཚོགས་ཆུང་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་ལས་དོན་གཞུང་ལས་ཁང་གི་སྤྱི་འདོམས་མཐུན་སྦྱོར་འོག་ཀྲེ་ཅང་ཞིང་ཨུད་དང་། ཞིང་ཆེན་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་ལས་དོན་ཏན་ཏིག་སྤེལ་བ་དང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཀྲེ་ཅང་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས“འཛིན་བཟུང་བཀའ་རྒྱ་དམར་པོ་བཏང་བའི་མི་བརྒྱའི”གྲས་ཡིན་པའི་ཀྲོའུ་ཅི་དབྱང་བདེ་བླག་ངང་བཟུང་ནས་ཁྲིམས་ལ་སྦྱར་ཞིང་། མིག་སྔར“འཛིན་བཟུང་བཀའ་རྒྱ་དམར་པོ་བཏང་བའི་མི་བརྒྱའི”ཁྲོད་མི་50ཁྲིམས་རྒྱར་ཚུད་པ་རེད།
         ཀྲོའུ་ཅི་དབྱང་། ཕོ། ཀྲེ་ཅང་ཞིང་ཨུད་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་དེ་སྔའི་ལས་བྱེད་པ་ཡིན་པ། གན་འཇོག་ཁ་བསླུས་བརྒྱབ་པའི་ནག་ཉེས་བསགས་ནས་2008ལོའི་ཟླ་12པར་ནག་ཉེས་ལ་སྐྲག་ནས་བྲོས་པ་དང་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་འཛིན་བཟུང་བཀའ་རྒྱ་དམར་པོའི་ཨང་རྟགས་ནི་A—1025/2—2015ཡིན། ཀྲོའུ་ཅི་དབྱང་གི་གྱོད་འབྲེལ་དངུལ་ཁྲིམས་ལྟར་ཚ་འདེད་གཏོང་རྒྱུ་རེད།
         སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“རུལ་སུངས་བ་གང་དུ་བྲོས་ཀྱང་འཛིན་བཟུང་བྱས་ནས་ཁྲིམས་ལ་སྦྱོར་དགོས”ཞེས་གསུངས་ཡོད། ཀྲོའུ་ཅི་དབྱང་བཟུང་ནས་ཁྲིམས་ལ་སྦྱར་བ་དེ་ནི་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་བསྟར་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པའི་མཚོན་ཚུལ་ཞིག་དང་རུལ་རྒོལ་གྱི་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ཐད་ཐོབ་པའི་གྲུབ་འབྲས་གཞན་ཞིག་རེད། ཀྲུང་དབྱང་བྲོས་འདེད་དངུལ་འདེད་གཞུང་ལས་ཁང་གི་འགན་འཁུར་བས་ལོ་གཉིས་ལྷག་ཙམ་རིང“འཛིན་བཟུང་བཀའ་རྒྱ་དམར་པོ་བཏང་བའི་མི་བརྒྱའི”ཁྲོད་ཀྱི་ཕྱེད་ཀ་ཙམ་ཁྲིམས་རྒྱར་ཚུད་པ་དེ་ལས་ཏང་ཀྲུང་དབྱང་གིས་རུལ་རྒོལ་གྱི་བྲོས་འདེད་དངུལ་འདེད་ལས་དོན་སྤེལ་ཤུགས་ཆུང་དུ་བཏང་མེད་པ་དང་བྲོས་ན་འདེད་ངེས་དང་བྲོས་འདེད་མཐར་ཕྱིན་པ་བྱ་རྒྱུའི་ཆོད་སེམས་བརྟན་པོ་དང་རྒྱལ་ཁ་ཐོབ་ངེས་ཡིན་པའི་གདེང་ཚོད་གང་ལེགས་མངོན་ཡོད། ང་ཚོས་དུས་ཚོད་སྐར་ཆ་ཙམ་ཡང་མཚམས་མི་འཇོག་པའི་སྙིང་སྟོབས་ཐོག་ནས་ལྷོད་གཡེང་མི་གཏོང་བ་དང་། མཚམས་འཇོག་མི་བྱེད་པ། བསྐྱར་དུ་རྡོག་ཐོན་བཅས་བྱས་ཏེ་བྲོས་བྱོལ་དུ་སོང་བའི་ཉེས་ཅན་པ་གབ་ས་མེད་པ་དང་ཕྱིར་བྲོས་བྱོལ་དུ་འགྲོ་བའི་རེ་ངན་འཆང་མཁན་གྱི་རེ་བ་སྟོང་ཟད་དུ་འགྱུར་བ་བྱས་ནས་ཕྱིར་བྲོས་བྱོལ་དུ་སོང་བའི་རུལ་སུངས་བ་རྗེས་འདེད་བཏང་སྟེ་ཁྲིམས་ལ་སྦྱར་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།