འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡིས་ལོ་གཉིས་རིང"གསང་སྤྱོད་གསར་བརྗེའི"ཐད་རིམ་རྩིས་བརྒྱབ་ན་ཁྱོན་མ་
    དངུལ་སྒོར་དུང་ཕྱུར་7ལྷག་ཙམ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་07ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཀན་སུའུ་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། 2015ལོ་ནས་ད་བར་དུ། ཀན་སུའུ་ཞིང་ཆེན་གྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་7.4བཏང་ནས་ཁྱོན་ཡུལ་སྐོར་གསང་སྤྱོད་2738གསར་སྐྲུན་རྒྱས་སྐྲུན་བྱས་པ་ལས་1895གསར་སྐྲུན་དང་843སྒྱུར་བཀོད་བྱས་ནས་ཡུལ་སྐོར་གསང་སྤྱོད་ཉུང་བའི་གནད་དོན་ཐག་གཅོད་སྔར་བས་ཡག་པོ་བྱས་ཡོད་པ་རེད།
         ཀན་སུའུ་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་ངོ་སྤྲོད་བྱས་དོན། ཉེ་བའི་ལོ་ཤས་རིང་། ཀན་སུའུ་ཡི་ས་ཁུལ་མང་པོ་ཞིག་གིས་ས་ཁོངས་དང་། འགྲུལ་པའི་མང་ཉུང་། རིག་གནས། གནམ་གཤིས་བཅས་མི་འདྲ་བར་གཞིགས་ནས་ཡུལ་སྐོར་གསང་སྤྱོད་བསྐྲུན་ཏེ། ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་བོད་ལུགས་ཀྱི་ཡུལ་སྐོར་གསང་སྤྱོད་དང་ཅིན་ཁྲང་གྲོང་ཁྱེར་གྱི་མེ་ཏོག་གསོ་ཁང་ལྟ་བུའི་ཡུལ་སྐོར་གསང་སྤྱོད་སོགས་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་བསགས་པ་དང་། བཀོལ་སྤྱོད་རང་བཞིན་འགན་ལེན་བྱས་པའི་རྨང་གཞིའི་ཐོག་དངོས་ཡོད་དང་འཚམ་པ་བྱས་ནས་ཐུན་མིན་གྱི་ཁྱད་ཆོས་མངོན་པར་བྱས་ཡོད་པ་རེད།
         དེའི་རྨང་གཞིའི་ཐོག ཀན་སུའུ་ཞིང་ཆེན་གྱིས་ད་དུང“གསང་སྤྱོད་གསར་བརྗེས”ཞིང་ཆེན་ཡོངས་ལ་ཁྱབ་ཚད་ཆེ་རུ་བཏང་བ་རེད། གསར་དུ་དཔར་འགྲེམས་བྱས་པའི《ཀན་སུའུ་ཞིང་ཆེན་གྱི་གསང་སྤྱོད་གསར་བརྗེའི་ལོ་གསུམ་བྱ་སྤྱོད་འཆར་གཞི་གསར་པའི(2018—2020)》བླང་བྱ་ལྟར། ཀན་སུའུ་ཞིང་ཆེན་གྱིས་འབྱུང་འགྱུར་ལོ་གསུམ་ནང་མཛེས་ལྗོངས་ཁུལ་གྱི་མཐའ་འཁོར་དང་། གཞུང་ལམ་ཞབས་ཞུའི་ཁུལ། འགྲིམ་འགྲུལ་བསྡུ་འགྲེམས་ས་ཚིགས། སྤྲོ་གསེང་རྐང་ཐང་ཁྲོམ་ཁུལ། ཁྱད་ལྡན་གྲོང་རྡལ་ཆུང་ངུ་། གྲོང་གསེབ་ཡུལ་སྐོར་ས་ཚིགས། ཡུལ་སྐོར་ཟ་ཁང་། ཡུལ་སྐོར་རོལ་རྩེད་ཁང་སོགས་སུ་འཆར་འགོད་ཚད་ལྡན་ཅན་གྱི་གསང་སྤྱོད་1974བསྐྲུན་ཐོག་སྤྱི་ཕན་རང་བཞིན་གྱི་ལས་གནས་མང་དུ་བཏང་ནས་དྲ་མིག་ཅན་གྱི་དོ་དམ་བྱས་ཏེ། ཡུལ་སྐོར་གསང་སྤྱོད་གཙང་དག་ཡོང་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།
         ཆ་རྐྱེན་འཛོམས་པའི་ས་ཁུལ་ཁག་ཏུ། ཀན་སུའུ་ཞིང་ཆེན་གྱིས་ད་དུང་རང་འགུལ་ཅན་གྱི་ཚོད་འཛིན་དོ་དམ་ལག་རྩལ་ནང་འདྲེན་བྱས་ནས་གསང་སྤྱོད་ལ་རིག་ནུས་ཅན་གྱི་སྒྱུར་བཀོད་བྱ་རྒྱུ་དང་ཆབས་ཅིག“གསང་སྤྱོད་ཀྱི་གློག་རྡུལ་ས་བཀྲ”དང་། ལག་ཐོགས་ཁ་པར་གྱི་APPམཉེན་ཆས་དང་རྩ་གཉིས་ཨང་རྟགས་བཟོས་ནས་གསང་སྤྱོད་གནས་ཐིག་གཏན་འཁེལ་དང་ཆ་འཕྲིན་ཁྱབ་བསྒྲགས་ཐུབ་པར་བྱས་ནས། ཡུལ་སྐོར་བའི“གསང་སྤྱོད་འཚོལ་དཀའ་བའི”གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།
         མིག་སྔར། ཀན་སུའུ་ཞིང་ཆེན་གྱིས་ཡུལ་སྐོར་གསང་སྤྱོད་གསར་སྐྲུན་སྒྱུར་བཀོད་ལས་དོན་སྤེལ་མགྱོགས་སུ་བཏང་ནས་2018ལོ་ནས་2020བར་གསང་སྤྱོད་ཞབས་ཞུའི་བར་ཐག་རིང་ཤོས་སྤྱི་ལེ་1ལས་མི་བརྒལ་བ་དང་ཡུལ་སྐོར་གསང་སྤྱོད་འཚོལ་བའི་དུས་ཚོད་སྐར་མ་10ལས་མི་བརྒལ་བ་བྱས་ནས་ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།