འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཝུའུ་ལན་མུའུ་ཆི་བཙུགས་ནས་ལོ་60འཁོར་བའི་གཟེངས་བསྟོད་ཚོགས་ཆེན་ཧུའུ་ཧོ་ཧའོ་
    ཐེར་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་07ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་4ཉིན། ནང་སོག་རང་སྐྱོང་ལྗོངས་ཝུའུ་ལན་མུའུ་ཆིའི་ལས་དོན་ཚོགས་འདུ་དང་ཝུའུ་ལན་མུའུ་ཆི་བཙུགས་ནས་ལོ་60འཁོར་བའི་གཟེངས་བསྟོད་ཚོགས་ཆེན་ཧུའུ་ཧོ་ཧའོ་ཐེ་རུ་འཚོགས་ཤིང་། ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་ཝུའུ་ལན་མུའུ་ཆི་རྩེ་གྲ་བཅུ་དང་། ཝུའུ་ལན་མུའུ་ཆིའི་ཕུལ་བྱུང་རུ་དཔོན། ཝུའུ་ལན་མུའུ་ཆིའི་བྱ་གཞག་ལ་དམིགས་བསལ་ལེགས་སྐྱེས་བྱ་དགའ་འབུལ་མཁན་བཅས་དང་དེ་བཞིན་ཝུའུ་ལན་མུའུ་ཆིའི་ལས་དོན་བསྒྲུབས་ནས་ལོ་30ཡན་ཕྱིན་པའི་ཕུལ་བྱུང་རུ་མིར་གཟེངས་བསྟོད་བྱས་པ་རེད།
         ཚོགས་འདུའི་ཐོག ནང་སོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགན་འཁུར་བ་གཙོ་བོས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སུའུ་ཉི་ཐེ་ཡིའུ་ཆི་ཝུའུ་ལན་མུའུ་ཆིའི་རུ་མི་ཚོར་འཕྲིན་ལན་སྤྲིངས་གནང་ནས་ཝུའུ་ལན་མུའུ་ཆིའི་བྱ་གཞག་འཕེལ་རྒྱས་ཐད་མཛུབ་ཁྲིད་གལ་ཆེན་གནང་བ་དེ་ནི་ལྗོངས་ཡོངས་ཀྱི་རིག་རྩལ་འཕེལ་རྒྱས་དང་རིག་གནས་འཛུགས་སྐྱོང་འཕེལ་རིམ་ཁྲོད་ཀྱི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་དོན་ཆེན་ཞིག་ཡིན་པས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཝུའུ་ལན་མུའུ་ཆིའི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་དུ་བཅུག་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཝུའུ་ལན་མུའུ་ཆིའི་བྱ་གཞག་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་ཤུགས་ཆེན་བྱེད་དགོས། རྒྱ་ཆེའི་ཝུའུ་ལན་མུའུ་ཆིའི་རུ་མི་ཚོས་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་གཞི་རིམ་འཐབ་ས་དང་པོར་གཞི་བཙུགས་ཐོག་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ། ནམ་ཡང་རྩྭ་ཐང་གི“གསར་བརྗེའི་རིག་རྩལ་གྱི་རྟ་དམག་ཧྲག་པོ”ཞིག་བྱས་ནས། བྱ་སྤྱོད་དངོས་དང་ཕུལ་བྱུང་གྲུབ་འབྲས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་འཁུར་དང་གཟིགས་སྐྱོང་གནང་བར་དྲིན་ལན་འཇལ་དགོས།
         ནང་སོག་རང་སྐྱོང་ལྗོངས་ནང་གི་ཝུའུ་ལན་མུའུ་ཆི་སྔ་ཤོས་ནི་1957ལོར་ཤིས་ལིན་ཧའོ་ཐེ་མོང་གི་སུའུ་ཉི་ཐེ་ཡིའུ་ཆིར་བཙུགས་ཤིང་། ནང་སོག་ལྗོངས་ཡོངས་སུ་ད་ཆ་ཝུའུ་ལན་མུའུ་ཆི་75ཡོད་པ་དེ་དག་གིས་དེང་རབས་ཅན་གྱི་དྲིལ་བསྒྲགས་བྱེད་ཐབས་སྤྱད་དེ་འདུ་ཤེས་གསར་པ་བརྒྱུད་བསྒྲགས་དང་གོམས་སྲོལ་གསར་པ་དར་སྤེལ་གཏོང་བའི་འཁྲབ་སྟོན་ལོ་རེར་ཁྱོན་7100ལྷག་བྱས་པར་མི་རིགས་ཁག་གི་ལྟད་མོ་བ་མི་ཐེངས་ཁྲི་100ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།