འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།དུས་ཚིགས་གསུམ་པའི་སྒུལ་བདེ་གཏོང་སྤྲོད་ལས་སྒོའི་སྒོར་དུང་ཕྱུར་ཁྲི་49.26ཟིན་
    ནས་དུས་མཚུངས་ལས་39.42%འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་07ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་5ཉིན། ཀྲུང་གོ་མི་དམངས་དངུལ་ཁང་གིས་2017ལོའི་དུས་ཚིགས་གསུམ་པའི་གཏོང་སྤྲོད་མ་ལག་གཉེར་སྐྱོང་གི་སྤྱིའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད། གྲངས་གཞི་ལས་མངོན་པ་ལྟར་ན། དུས་ཚིགས་གསུམ་པའི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་གློག་རྡུལ་གཏོང་སྤྲོད་ལས་སྒོ་ཁག་དུང་ཕྱུར་381.35བསྒྲུབས་པར་དངུལ་འབོར་སྒོར་དུང་ཕྱུར་ཁྲི་523.47ཟིན་ཡོད། དེའི་ནང་དྲ་ཐོག་གཏོང་སྤྲོད་ལས་སྒོ་ཁག་དུང་ཕྱུར་120.87ཡིན་པ་དེར་དངུལ་འབོར་སྒོར་དུང་ཕྱུར་ཁྲི་439.89ཟིན་ནས་དུས་མཚུངས་ལས་ཁག་སོ་སོར་4.14%དང་1.37%འཕར་ཡོད། སྒུལ་བདེ་གཏོང་སྤྲོད་ལས་སྒོ་ཁག་97.22ཡིན་པ་དེར་དངུལ་འབོར་སྒོར་དུང་ཕྱུར་ཁྲི་49.26ཟིན་ནས་དུས་མཚུངས་ལས་ཁག་སོ་སོར་46.65%དང་39.42%ཟིན་ཡོད། གཞན་ཡང་། དངུལ་ཁང་མིན་པའི་གཏོང་སྤྲོད་སྒྲིག་གཞིས་དྲ་རྒྱའི་གཏོང་སྤྲོད་ལས་སྒོ་ཁག་དུང་ཕྱུར་778.33བསྒྲུབས་པར་དངུལ་འབོར་སྒོར་དུང་ཕྱུར་ཁྲི་38.98ཟིན་ནས་དུས་མཚུངས་ལས་ཁག་སོ་སོར་76.78%དང་47.99%འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།