འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།C919རྟགས་ཅན་གྱི་གནམ་གྲུའི་མངགས་ཐོ་ཁྱོན་785ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་07ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་5ཉིན། བཟོ་ཚོང་དངུལ་ཁང་དངུལ་རྩ་བོགས་གཡར་ཚད་ཡོད་ཀུང་སི་དང་ཀྲུང་གོ་ཚོང་སྤྱོད་གནམ་གྲུ་ཚད་ཡོད་འགན་འཁྲི་ཀུང་སིས་པེ་ཅིང་དུ་C919རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་55ཉོ་སྒྲུབ་ཀྱི་སྒྲོམ་གཞིའི་གྲོས་མཐུན་བཞག་པ་རེད། ད་ཐེངས་གྲོས་མཐུན་བཞག་པའི་C919རྟགས་ཅན་གྱི་གནམ་གྲུ་55ཡི་ཉོ་སྒྲུབ་མངགས་ཐོ་དེས་བཟོ་ཚོང་དངུལ་ཁང་གི་བོགས་གཡར་C919རྟགས་ཅན་གྱི་གནམ་གྲུའི་མངགས་ཐོའི་བསྡོམས་འབོར་100ཟིན་ནས་C919རྟགས་ཅན་གྱི་གནམ་གྲུ་མངགས་མཁན་ཆེ་ཤོས་སུ་གྱུར་ཡོད། དེའི་ཁར་དེ་གོང་མངགས་ཉོ་བྱས་པའི་ARJ21-700རྟགས་ཅན་གྱི་གནམ་གྲུ་30བསྣན་རྗེས་གནམ་གྲུའི་མངགས་ཐོ་བསྡོམས་འབོར་130ཡི་ཐོག་ནས་ཀྲུང་གོས་ཚོང་སྤྱོད་གནམ་གྲུ་ཞིབ་བཟོ་བྱས་པའི་རང་རྒྱལ་ནས་ཐོན་པའི་གནམ་གྲུ་རིགས་གཉིས་སྤྱོད་མཁན་ཆེ་ཤོས་དེར་གྱུར་ཡོད། C919རྟགས་ཅན་གྱི་གནམ་གྲུའི་མངགས་ཐོ་ཁྱོན་785ཟིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།