འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་སྔར་བཞིན་གོ་ལ་ཧྲིལ་པོའི་ནུས་རྒྱུ་གཙང་མའི་ཁྲོམ་ར་ཆེ་ཤོས་དེ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་30ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གོ་ལ་ཧྲིལ་པོའི་གསར་དར་ཁྲོམ་རའི་གསར་འཕར་འོད་ཤུགས་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཆེ་རུ་ཤུགས་ཆེན་འགྲོ་བཞིན་ཡོད་པ་དང་། ཀྲུང་གོ་སྔར་བཞིན་གོ་ལ་ཧྲིལ་པོའི་ནུས་རྒྱུ་གཙང་མའི་ཁྲོམ་ར་ཆེ་ཤོས་དེ་ཡིན་པ་རེད། 2016ལོར་གོ་ལ་ཧྲིལ་པོའི་གསར་འཕར་བྱུང་བའི་འོད་ཤུགས་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཁྲོད་ཀྲུང་གོས་བཅུ་ཆ་བརྒྱད་ཙམ་བཟུང་ནས་འཕར་ཚད་འཛམ་གླིང་གི་རྒྱལ་ཁབ་གཞན་དག་གང་རུང་ཞིག་ལས་ཀྱང་ཧ་ཅང་གིས་མཐོ་བ་ཡོད་པ་རེད།
         གསར་འགོད་པར་གོང་ཚེས་ཉིན་ཧྲང་ཧའེ་རུ་འཚོགས་པའི“ཕེང་པོ་ནུས་རྒྱུ་གསར་པའི་ནོར་དཔལ་གྱི་འབྱུང་འགྱུར་ནུས་རྒྱུའི་དབུ་ཚོགས”ཐོག་ནས་ཕེང་པོ་ནུས་རྒྱུ་གསར་པའི་ནོར་དཔལ་གྱིClimatescopeརྣམ་གྲངས་ཀྱི་བརྟག་དཔྱད་སྙན་ཞུ་རག་ཡོད། དེ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་བྱེད་སྒོར་ཆེད་དུ་དམིགས་ནས་ཕྱོགས་བསྡུས་རང་བཞིན་གྱི་ལོ་འཁོར་གྱི་བརྟག་དཔྱད་བྱས་པ་ཞིག་རེད། རྣམ་གྲངས་དེས་2016ལོར་གོ་ལ་ཧྲིལ་པོའི་གསར་དར་ཁྲོམ་རའི་རྒྱལ་ཁབ་71གི་ནུས་རྒྱུ་གཙང་མའི་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་ཡོད་པ་རེད།
         སྙན་ཞུའི་ནང་། ན་ནིང་གོ་ལ་ཧྲིལ་པོར་34GWའོད་ཤུགས་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་གསར་འཕར་བེད་སྤྱོད་བྱས་པའི་ཁྲོད། ཀྲུང་གོའི་འོད་ཤུགས་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་27GWགསར་འཕར་བྱུང་བ་དང་འཕར་ཚད་འཛམ་གླིང་རྒྱལ་ཁབ་གཞན་དག་གང་རུང་ཞིག་ལས་ཀྱང་ཧ་ཅང་གིས་མཐོ་བ་ཡོད། མ་གཞི་ཀྲུང་གོས་2016ལོར་འོད་ཤུགས་རྣམ་གྲངས་ལ་མ་འཇོག་གསར་སྣོན་བྱེད་ཚད་དུས་མཚུངས་ལས་ཨ་སྒོར་དུང་ཕྱུར་366ཉུང་དུ་བཏང་མོད། འོན་ཀྱང་ཀྲུང་གོ་སྔར་བཞིན་འཛམ་གླིང་ཐོག་གི་ནུས་རྒྱུ་གཙང་མའི་ཁྲོམ་ར་ཆེ་ཤོས་དེ་ཡིན་པ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།