འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།སྣོད་བཅུད་འཁོར་རྒྱུག་ལ་བརྟེན་ནས་ཞིང་པའི་ཡོང་འབབ་འཕར་བར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་30ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ཧོ་པེ་ཞིང་ཆེན་ཆིན་ཧོང་ཏའོ་གྲོང་ཁྱེར་ཧའེ་ཀང་ཆུས་ཏུང་ཀང་གྲོང་རྡལ་ཀྲུང་ཤིན་ཀྲོང་གྲོང་ཚོའི་ཡིང་ཧྲེང་ཞིང་ལས་མཉམ་ལས་ཁང་གིས་ཁྲོམ་རའི་དགོས་མཁོ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ནས་2016ལོའི་ཟླ་6པ་ནས་བཟུང་ཧྲེན་དབྱང་ཞིང་ལས་ཚན་རིག་ཁང་གིས་བྱང་ཕྱོགས་ཀྱི་དབྱར་རྩྭ་དགུན་འབུ་མཉམ་ལས་ཁང་གི་རྟེན་གཞིར་འདེབས་འཛུགས་བྱས་ནས་ད་བར་ཁོག་མ་14000ཙམ་བཏབ་ཡོད། བྱང་ཕྱོགས་ཀྱི་དབྱར་རྩྭ་དགུན་འབུ་བཏུས་རྗེས་སྒོ་རྩིས་ཚོང་ཁང་དང་། ཁྲོམ་ར། གསོལ་མགྲོན་ཁང་སོགས་སུ་ཐད་ཀར་འཚོང་ཆོག་ལ། སྐམ་རྗེས་པེ་ཅིང་དང་། ཧྲང་ཧའེ། སི་ཁྲོན་སོགས་སུ་འཚོང་ཆོག་པས་སྔོན་རྩིས་བྱས་ན་ལོར་ཡོང་འབབ་སྒོར་ཁྲི་10ལྷག་ཟིན་གྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།