འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།"འཛམ་གླིང་ཐོག་གི་ཆེ་ཤོས་བཞི"ལ་བརྟེན་ནས་ནུས་རྒྱུའི་ཀྲུང་དབྱང་ཁེ་ལས་ཆེ་ཤོས་གསར་
    པ་གཉེར་སྐྱོང་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་30ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་28ཉིན་ཀྲུང་གོ་རྒྱལ་ཁབ་གློག་དྲྭ་ཚོགས་པ་དང་ཧྲེན་ཧྭ་ཚོགས་པ་ཟླ་འགྲིལ་བསྐྱར་འཛུགས་བྱས་པའི་རྒྱལ་ཁབ་ནུས་རྒྱུ་མ་འཇོག་ཚོགས་པ་ཀུང་སིས་ཚོགས་པ་ཀུང་སི་བཙུགས་པའི་ཚོགས་ཆེན་འཚོགས་པ་རེད། བསྐྱར་འཛུགས་བྱས་རྗེས་ཀྱི་རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་མ་དངུལ་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་1.8ལྷག་ཙམ་ཟིན་པ་དང་། དེ་ནི་རང་རྒྱལ་གྱི་ནུས་རྒྱུའི་ཁྱབ་ཁོངས་ཀྱི་ཀྲུང་དབྱང་ཁེ་ལས་ཆེ་ཤོས་གཞན་ཞིག་རེད་ལ་འཛམ་གླིང་ཐོག་རྡོ་སོལ་ཐོན་སྐྱེད་ཀུང་སི་དང་། མེ་ཤུགས་གློག་འདོན་ཀུང་སི། བསྐྱར་སྐྱེས་ཆོག་པའི་ནུས་རྒྱུ་གློག་འདོན་ཀུང་སི། རྡོ་བཟོས་སྣུམ་སོལ་རྫས་འགྱུར་བཟོ་ལས་ཀུང་སི་ཆེ་ཤོས་བཅས་ཡིན་པ་རེད།
         ཚོགས་པ་ཀུང་སི་བཙུགས་པའི་མཛད་སྒོའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཤའོ་ཡ་ཆིང་གིས“ཀྲུང་གོ་རྒྱལ་ཁབ་གློག་དྲྭ་དང་ཧྲེན་ཧྭ་ཚོགས་པ་ཁེ་ལས་གཉིས་བསྐྱར་འཛུགས་བྱས་པ་ནི་ཉེ་ལམ་ལོ་ཤས་རིང་ཀྲུང་དབྱང་ཁེ་ལས་གཞི་ཁྱོན་ཆེ་ཤོས་ཀྱི་བསྐྱར་འཛུགས་བྱས་པ་ཞིག་ཡིན་པས་སོལ་གློག་གི་འབྲེལ་བ་མཐུན་སྦྱོར་བྱེད་པ་དང་སོལ་གློག་གཞི་གཅིག་ཅན་གྱི་སྒོ་ནས་འཕེལ་རྒྱས་ཡོང་བ་བྱས་ནས་ཁེ་ལས་ཀྱི་ཁེ་འབབ་ནུས་པ་དང་གཉེར་སྐྱོང་གི་ཕན་འབྲས་ཆེ་རུ་གཏོང་རྒྱུར་ཕན་པ་ཡོད་པ་དང་། མིག་སྔར་གནས་པའི་ངོ་བོ་གཅིག་མཚུངས་ཅན་གྱི་འཕེལ་རྒྱས་དང་ཐོན་ཁུངས་ཁ་ཐོར་སོགས་ཀྱི་གནད་དོན་མངོན་གསལ་དོད་པོ་ཞི་ལྷོད་དུ་བཏང་ནས་རིམ་པ་དེ་བས་མཐོ་བ་དང་ཆུ་ཚད་དེ་བས་མཐོ་བའི་ཐོག་ནས་ཀྲུང་དབྱང་ཁེ་ལས་ཀྱིས་ཐོན་ཁུངས་ལེགས་སྒྲིག་བཀོད་སྒྲིག་བྱས་ཏེ་དེ་བས་ལུགས་མཐུན་གྱི་ལས་རིགས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་ཕན་པ་ཡོད”ཅེས་བརྗོད་པ་རེད།
         རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་ཏུང་ཧྲི་ཀྲང་ཆའོ་པའོ་ཕིང་གིས་ཚོགས་པ་ཀུང་སིས་རྡོ་སོལ་ལ་དམིགས་པ་དང་གློག་འདོན་ལས་རིགས་གཙོ་བོར་བརྩིས་ནས“གསུམ་དོར་གཅིག་ཉུང་གཅིག་གསབ་ཀྱི་བྱ་ཐབས”ལག་ལེན་ཤུགས་ཆེན་བསྟར་ནས་ཐོན་ནུས་ལྷག་འཕྲོའི་གནད་དོན་སེལ་བ་དང་། བཀོད་ཇུས་གྲུབ་ཆ་ལེགས་སྒྲིག་བྱེད་པ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ། ནང་ཁུལ་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། དེང་རབས་ཁེ་ལས་ཀྱི་ལམ་ལུགས་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ། དབང་བའི་ལམ་ལུགས་ཀྱི་མཉམ་བསྲེས་དཔལ་འབྱོར་འཕེལ་རྒྱས་ཧུར་ཐག་གཏོང་བ། “ཕྱིར་སྐྱོད་ཤུགས”ཆེ་རུ་གཏོང་བ་བཅས་བྱས་ནས་གོ་ལ་ཧྲིལ་པོའི་འགྲན་རྩོད་ལྡན་པའི་འཛམ་གླིང་གི་ཕྱོགས་བསྡུས་ནུས་རྒྱུའི་ཚོགས་པ་རྩེ་གྲ་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་ཡིན་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།