འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་འདི་ཉིད་འཛམ་གླིང་ཐོག་གི་ཆུ་ལམ་གཤོང་མཁན་རྒྱལ་ཁབ་ཆེན་པོ་ཐོག་མ་དེར་གྱུར་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་30ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཆུ་ལམ་གཤོང་བ་ཞེས་པ་ནི་གཙང་པོ་དང་མཚོ་སོགས་རྒྱུག་ཁུལ་གཤོང་བ་དང་། རྒྱ་ཆེར་གཏོང་བ། གཏིང་རིང་པོ་སྔོག་པ་བཅས་ལ་བརྟེན་ནས་ཆུ་འོག་གི་ས་རྡོ་སྔོག་པའི་ལས་གྲྭ་ཞིག་རེད། ལོ་120འཕེལ་རྒྱས་བཏང་བ་བརྒྱུད་རང་རྒྱལ་འདི་ཉིད་འཛམ་གླིང་ཐོག་གི་ཆུ་ལམ་གཤོང་མཁན་རྒྱལ་ཁབ་ཆེན་པོ་ཨང་དང་པོར་གྱུར་ནས་ལོར་ཆུ་ལམ་གཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་10ཟིན་ཏེ་ཀྲུང་གོ་འདི་ཉིད་འཛམ་གླིང་ཐོག་ཆུ་ལམ་གཤོང་བའི་སྔོན་འགྲོའི་ལག་རྩལ་ཁོང་དུ་ཆུད་པ་དང་རང་རྟོགས་ངང་གཞི་ཁྱོན་ཆེན་པོས་གཙང་པོ་བརྒྱངས་ནས་སྐམ་ས་བཟོ་བ་དང་མཁའ་ལམ་གཤོང་བའི་ལས་གྲྭ་ལག་བསྟར་ཐུབ་མཁན་རྒྱལ་ཁབ་ཀྱི་གྲས་ཤིག་ཏུ་གྱུར་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་ཚོགས་འདུ་འདི་ནི་ཨེ་ཤེ་ཡའི་ཆུ་ལམ་གཤོང་བའི་ལས་རིགས་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཚོགས་འདུ་ཞིག་ཡིན་པས་ཚོགས་འདུའི་ཐོག“སྣོད་བཅུད་ཆུ་ལམ་གཤོང་བ། རྒྱུན་མཐུད་ཐུབ་པ”བཅས་བརྗོད་དོན་གཙོ་བོར་བྱས་ཏེ་འཛམ་གླིང་ས་གནས་ཁག་ནས་ཡོང་བའི་ལས་རིགས་300ལྷག་ཙམ་གྱི་མཁས་པ་ཚོས་ཆུ་ལམ་གཤོང་བའི་ལས་རིགས་ཁྱབ་ཁོངས་ཀྱི་སྔོན་འགྲོའི་ཚན་རྩལ་ལ་དམིགས་ནས་རིག་སྟོབས་ལ་བརྟེན་ནས་ཆུ་ལམ་གཤོང་བ་དང་། སྣོད་བཅུད་ཆུ་ལམ་གཤོང་བ། སྒྲིག་ཆས་བཟོ་བ་སོགས་ཀྱི་ཁྱབ་ཁོངས་སུ་གཅིག་ཏུ་བསྡུས་ཏེ་ཐུན་མོང་ཐོག་འཛམ་གླིང་གི་ཆུ་ལམ་གཤོང་བའི་ལས་རིགས་ཀྱི་དུས་སྐབས་གསར་པའི་ལས་རིགས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་ལག་རྩལ་གྱི་གྲུབ་འབྲས་གསར་ཤོས་ལ་གྲོས་བསྡུར་བྱས་ཡོད། ཚོགས་ཆེན་དེ་དུས་ཡུན་ཉིན་གཉིས་ཡིན་པའི་ནང་བརྗོད་དོན་གཙོ་བོའི་སྙན་སྒྲོན་གྱི་ཆེད་དོན་ཚོགས་འདུ་དང་། རིག་སྟོབས་ལ་བརྟེན་ནས་ཆུ་ལམ་གཤོང་བ་དང་གཙང་གཤོང་ལག་རྩལ་གྱི་འཕེལ་ཕྱོགས་གསར་པའི་སྙན་སྒྲོན་གྱི་ཆེད་དོན་ཚོགས་འདུ། ཁོར་ཡུག་སྲུང་སྐྱོང་གི་ཆུ་ལམ་གཤོང་བའི་ཆེད་དོན་ཚོགས་འདུ། ཆུ་ལམ་གཤོང་བའི་སྒྲིག་ཆས་ཀྱི་རིག་གཞུང་སྤེལ་རེས་ཀྱི་ཆེད་དོན་ཚོགས་འདུ་སོགས་ཆེད་དོན་ཚོགས་འདུ་དྲུག་ཚུད་ཡོད་པ་རེད།
         རང་རྒྱལ་གྱི་ཆུ་ལམ་གཤོང་བའི་ལས་རིགས་ཁྲོད་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཚོགས་པ་ཀུང་སིའི་གཤམ་འོག་གི་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་གྱི་ཆུ་ལམ་གཤོང་མཁན་ནི་གཙོ་ཤུགས་དམག་བལྟོས་མེད་ཅིག་རེད། བསྡོམས་རྩིས་ལ་གཞིགས་ན། ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སིས་ལོ་རྒྱུས་ཐོག་རྒྱ་མཚོ་བརྒྱངས་ནས་སྐམ་ས་བཟོས་པ་བརྒྱུད་རིམ་རྩིས་ལྟར་ན་སྐམ་ས་རྒྱ་ཆེ་རུ་བཏང་བའི་རྒྱལ་ཁབ་ས་ཆ་སྤྱི་ལེ་ངོས་གྲུ་3000ལས་བརྒལ་ནས་ཧྲེན་ཀྲེན་དང་ཤང་ཀང་གི་ས་ཆའི་རྒྱ་ཁྱོན་དང་ཧ་ལམ་མཚུངས་ཀྱི་ཡོད། ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སི་མཁའ་ལམ་ཅུས་སུ་རིགས་སྣ་ཚོགས་ཀྱི་འདམ་རྫབ་སྔོག་འདོན་གྲུ་གཟིངས་དང་རམ་འདེགས་གྲུ་གཟིངས་70ལྷག་ཙམ་ཡོད་པ་དེ་དག་གིས་ཆུ་ལམ་གཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་3.5ལས་བརྒལ་གྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།