འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲི་བར་གྱི་དུམ་བུའི་ལམ་གཞི་ལས་གྲྭ་གཙོ་བོ་སྤྱིར་ན་
    ལེགས་སྒྲུབ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་30ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་28ཉིན། གསར་འགོད་པར་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཉེ་དུས། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་དུམ་བུའི་ལམ་གཞི་ལས་གྲྭ་གཙོ་བོ་བདེ་བླག་ངང་ལེགས་སྒྲུབ་ཟིན་པ་རེད།
         ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲི་བར་གྱི་དུམ་བུའི་ལམ་གཞི་ནི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ནས་འགོ་ཚུགས་པ་དང་ལམ་བར་དུ་གོང་དཀར་དང་། གྲ་ནང་། རྩེད་ཐང་། ཟངས་རི། རྒྱ་ཚ། སྣང་རྫོང་། སྨན་གླིང་བཅས་བརྒྱུད་ནས་མཐར་ཉིང་ཁྲི་གྲོང་ཁྱེར་དུ་འབྱོར་གྱི་ཡོད་པ་རེད། ལམ་ཐག་ཧྲིལ་པོར་སྤྱི་ལེ་402ཡོད་པ་དང་འཕྲེང་འགོ་དང་། གོང་དཀར་། གྲ་ནང་། རྩེད་ཐང་། ཉིང་ཁྲི་སོགས་བབས་ཚུགས་34འཛུགས་རྒྱུ་ཡིན་པ་རེད།
         ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ལྕགས་ལམ་འདི་བསྐྲུན་རྗེས། ས་ཁོངས་ལྕགས་ལམ་དྲ་བའི་གྲུབ་ཆ་སྔར་བས་ལེགས་སུ་འགྲོ་རྒྱུ་དང་། ལམ་རྒྱུད་ཀྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་འགྲོ་རྒྱུ། ས་གནས་དེ་གའི་ཐོན་ཁུངས་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆར་སྒྱུར་མགྱོགས་སུ་འགྲོ་རྒྱུ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་ཐེབས་རྒྱུ། མི་རིགས་མཐུན་སྒྲིལ་དེ་བས་ལེགས་སུ་འགྲོ་རྒྱུ། རྒྱལ་སྲུང་འགྲིམ་འགྲུལ་གྱི་འགན་ལེན་ནུས་པ་ཆེ་རུ་འགྲོ་རྒྱུ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།