འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོ་པེས་འདི་ལོ་ཁེ་ལས་ཁྲི་6.9སྒོ་བརྒྱབ་ནས་ཁེ་ལས་ཀྱི་སྦགས་བཙོག་སྤྱིར་ན་མེད་པ་བཟོས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་30ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཧོ་པེ་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིང་ནས་ཤེས་རྟོགས་བྱུང་བར། ཟླ་11པའི་ཟླ་སྟོད་བར་ཧོ་པེ་ཞིང་ཆེན་ཡོངས་ཀྱིས་ཁ་ཐོར་དང་། ཟང་ཟིང་། སྦགས་བཙོག་བཅས་ཀྱི་ཁེ་ལས་ཁྱོན་ཁྲི་10.9གྲལ་བཤེར་བྱས་ནས་ཁེ་ལས་ཁྲི་10.2བཅོས་སྒྲིག་ཟིན་པའི་ནང་ལག་ཁྱེར་མེད་པ་དང་བཅོས་སྒྲིག་བྱེད་ཐབས་བྲལ་བ་སོགས་ཀྱི་ཁེ་ལས་ཁྲི་6.9སྒོ་བརྒྱབ་ནས་ཁ་ཐོར་དང་། ཟང་ཟིང་། སྦགས་བཙོག་བཅས་ཀྱི་ཁེ་ལས་ཀྱི་སྦགས་བཙོག་འབུད་ཚད་སྤྱིར་ན་མེད་པ་བཟོས་པ་རེད།
          འདི་ལོ་ནས་བཟུང་ཧོ་པེས་ཁ་ཐོར་དང་། ཟང་ཟིང་། སྦགས་བཙོག་བཅས་ཀྱི་ཐོན་ལས་དང་། རྡོ་སོལ་སྦགས་བཙོག་གི་གནད་དོན་བཅོས་སྒྲིག་ཤུགས་ཆེན་བྱས་ཏེ་ཐོན་ལས་གྲུབ་ཆ་དང་ནུས་རྒྱུའི་གྲུབ་ཆ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་རླུང་ཁམས་ཆེ་མོའི་ཁོར་ཡུག་སྤུས་ཚད་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།
         ཧོ་པེ་ཞིང་ཆེན་ཝུན་ཨན་རྫོང་དུ་མིས་བཟོས་པང་ལེབ་ཀྱི་ཐོན་ལས་གཅིག་སྡུད་ཡིན་པ་དང་ཁེ་ལས་དང་ཁྲོམ་བཀྱག་ཆེ་ཆུང་7000ལྷག་ཙམ་ཡོད་ཅིང་། ཁེ་ལས་ཆུང་ངུའི་སྦགས་བཙོག་དངོས་པོ་འབུད་ཚད་དང་རྡོ་སོལ་གྱིས་གཙོ་བོ་བྱས་པའི་ནུས་རྒྱུ་བེད་སྤྱོད་ཀྱི་གྲུབ་ཆ་དང་ཁྲའེ་ཡིའུ་རླངས་འཁོར་ཆེ་གྲས་ཀྱིས་གཙོ་བོ་བྱས་པའི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གྲུབ་ཆས་དེ་གར་རྡུལ་སྨུག་གྱིས་ཁེངས་པ་དང་རླུང་ཁམས་ཆེ་མོའི་སྦགས་བཙོག་ཚབས་ཆེན་བཟོས་ཡོད་པ་རེད། ཁོར་ཡུག་སྲུང་སྐྱོང་པུས་ལྟ་བཤེར་བྱས་རྗེས་ཝུན་ཨན་རྫོང་གིས་བཅོས་སྒྲིག་ཆེན་པོ་བྱས་ཤིང་། མིག་སྔའི་བར་ཁ་ཐོར་དང་། ཟང་ཟིང་། སྦགས་བཙོག་བཅས་ཀྱི་ཁེ་ལས་དང་ཁྲོམ་བཀྱག་6800ལྷག་ཙམ་མེད་པ་བཟོས་པ་དང་རྡོ་སོལ་ཁྲོ་ཐབ་1529མེད་པ་བཟོས་པ་རེད།
         ཧོ་པེའི་རྡོ་སོལ་ཀུང་སི་དང་པོའི་ནུས་རྒྱུའི་གྲུབ་ཆ་ཆེ་བ་དང་དྲོད་ལེན་དུས་ཚིགས་སུ་དུ་ལྡན་རྡོ་སོལ་གྱི་མཉམ་འདྲེས་རྣམ་པའི་སྦགས་བཙོག་གི་མངོན་གསལ་དོད་པའི་ཁྱད་ཆོས་ལ་གཞིགས་ནས། འདི་ལོ་ཧོ་པེས་དྲོད་ལེན་གཙང་མ་ཐུབ་རྒྱུ་དེ་རླུང་ཁམས་ཆེ་མོའི་སྦགས་བཙོག་ཕྱོགས་བསྡུས་བཅོས་སྒྲིག་བྱེད་པའི་གཙོ་རྒོལ་ཁ་ཕྱོགས་སུ་བརྩིས་ཡོད། ཧོ་པེས་ཚ་ཁུངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། ས་འོག་ཚ་ནུས་ཁྱབ་གདལ་ཧུར་ཐག་གཏོང་བ་སོགས་བརྒྱུད་འདི་ལོ་ཞིང་ཆེན་ཡོངས་ཀྱི་རྫོང་གྲོང་ཡན་གྱི་གྲོང་ཁྱེར་གྱི་གཅིག་སྡུད་དྲོད་ལེན་དང་ནུས་རྒྱུ་གཙང་མ་དྲོད་ལེན་ཐུབ་ཚད་75%ཡན་ཟིན་གང་ཐུབ་བྱ་རྒྱུ་དང་ཆབས་ཅིག་གྲོང་གསེབ་ཀྱི་རྡོ་སོལ་གློག་དང་སོལ་རླངས་ཀྱིས་ཚབ་བྱེད་པར་སྐུལ་འདེད་བཏང་ནས་རྡོ་སོལ་ཁྲོ་ཐབ་ཆུང་གྲས་དང་མེ་ཤུགས་གློག་ཁང་ཆུང་གྲས་གང་མགྱོགས་མེད་པ་བཟོ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།