འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོར་ཀྲུང་གོ་ཚན་རིག་ཁང་དུ་ཡོན་ཧྲི་61མང་དུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་30ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལོ་གཉིས་དུས་གཅིག་གི་ཡོན་ཧྲི་གསབ་འདེམས་བྱས་འབྲས་ཡོངས་བསྒྲགས་བྱས་ཤིང་། ཚེས་28ཉིན་ཀྲུང་གོ་ཚན་རིག་ཁང་གིས་2017ལོའི་ཡོན་ཧྲི་གསབ་འདེམས་བྱས་འབྲས་ཡོངས་བསྒྲགས་བྱས་པའི་ནང་ཚན་རིག་མཁས་ཅན་61ཡོན་ཧྲི་གསར་པའི་མཚན་བྱང་ཐོག་འཁོད་པ་དང་གསབ་འདེམས་བྱས་པ་བརྒྱུད་ཀྲུང་གོ་ཚན་རིག་ཁང་ལ་ད་ལྟ་ཡོན་ཧྲི་ཁྱོན་800ཡོད་པ་རེད།
         གསར་དུ་བདམས་ཐོན་བྱུང་བའི་ཡོན་ཧྲིའི་ནང་རྩིས་རིག་དང་དངོས་ཁམས་རིག་པ་པུའུ་ཡོན་ཧྲི་11དང་། རྫས་འགྱུར་རིག་པ་པུའི་ལ་ཡོན་ཧྲི་9 ཚེ་སྲོག་ཚན་རིག་དང་གསོ་རིག་པུའུ་ཡོན་ཧྲི་13 ས་ཁམས་རིག་པ་པུའུ་ཡོན་ཧྲི་་10 ཆ་འཕྲིན་ལག་རྩལ་ཚན་རིག་པུའི་ལ་ཡོན་ཧྲི་6 ལག་རྩལ་ཚན་རིག་པུའི་ལ་ཡོན་ཧྲི་12བཅས་ཡོད་པ་རེད།
         ལོའི་གྲུབ་ཆར་གཞིགས་ན། གསར་དུ་བདམས་ཐོན་བྱུང་བའི་ཡོན་ཧྲིའི་ཆ་སྙོམས་ལོ་ཚད་ལོ་54.1ཡིན་པ་དང་ལོ་60(ཚུད་པ)མན་གྱིས་91.8%བཟུང་ཡོད། དེའི་ནང་ཀྲུང་གོ་ཚན་རིག་ཁང་གི་སྐྱེ་དངོས་དངོས་ཁམས་ཞིབ་འཇུག་ཁང་གི་ཞུས་ཐའོ་ནི་ལོ་ཆུང་ཤོས་ཡིན་པ་དང་འདི་ལོ་ལོ་46རེད། ཁུན་མིང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་ཆེན་གྱི་ཅི་ཝེ་ཀྲི་དང་ཀྲུང་གོ་ས་གཤིས་ཚན་རིག་ཁང་ས་གཤིས་ཞིབ་འཇུག་ཁང་གི་དབྱང་ཅིང་སུའེ་གཉིས་ལོ་མཐོ་ཤོས་ཡིན་པ་དང་འདི་ལོ་ལོ་67རེད།
         ཕོ་མོའི་བསྡུར་གྲངས་ལ་གཞིགས་ན། གསར་དུ་བདམས་ཐོན་བྱུང་བའི་ཡོན་ཧྲིའི་ནང་བུད་མེད་3ཡོད་པ་དེ་དག་ཆིང་ཧྭ་སློབ་ཆེན་གྱི་ཝང་ཞའོ་ཡུན་དང་། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གྱི་ཧོང་ཧོ་ཧྥེང་། ཀྲུང་གོ་ཞིང་ལས་ཚན་རྩལ་ཁང་ཧའར་པིན་ཕྱུགས་རིགས་སྨན་པ་ཞིབ་འཇུག་ཁང་གི་ཁྲེན་ཧྭ་ལན་བཅས་རེད།
         གསར་དུ་བདམས་ཐོན་བྱུང་བའི་ཀྲུང་གོ་ཚན་རིག་ཁང་གི་རྒྱལ་ཁབ་8ཀྱི་ཕྱི་ཁོངས་ཡོན་ཧྲི་16གི་མཚན་ཐོ་དུས་མཚུངས་སུ་ཡོངས་བསྒྲགས་བྱས་པའི་ནང་ནོར་པེར་བྱ་དགའ་ཐོབ་མཁན་གཉིས་ཡོད་པ་ནི་ཨན་ཏེ་ལེ·ཧའེ་མུའུ་དང་ཀྲན་མུའུ་སི·ཧྥོ་ལེ་ཙེ·སི་ཐུའུ་ཐ་ཐེ་རེད། ཕོ་ལན་དང་། ཧོ་ལན། ཨུ་ཟ་བྷེ་ཁེ་སི་ཐན་བཅས་རྒྱལ་ཁབ་གསུམ་གྱི་ཚན་རིག་མཁས་ཅན་ཀྲུང་གོ་ཚན་རིག་ཁང་གི་ཕྱི་ཁོངས་ཡོན་ཧྲིར་ཐོག་མར་བདམས་ཐོན་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།