འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིས་ཨན་ནས་སི་ཁྲོན་བར་གྱི་མྱུར་བགྲོད་ལྕགས་ལམ་དེ་སི་ཁྲོན་དང་ཧྲའན་ཤིས་ཀྱི་མཛེས་
    ལྗོངས་ཁུལ་དང་འབྲེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་30ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཤར་གཏོང་ཐུབ་ཉེར་ཡོད་པའི་ཤིས་ཨན་ནས་སི་ཁྲོན་བར་གྱི་མྱུར་བགྲོད་ལྕགས་ལམ་ནི་རང་རྒྱལ་གྱི་ཆིན་ལིང་རི་བོ་བརྒལ་བའི་མྱུར་བགྲོད་ལྕགས་ལམ་ཐོག་མ་ཡིན། དེའི་འཆར་འགོད་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་250ཡིན་པ་རེད། མྱུར་བགྲོད་མེ་འཁོར་བྱང་ནས་ལྷོ་བར་ཀོན་ཀྲུང་ཀླུང་ཐང་དང་། ཆིན་ལིང་རི་རྒྱུད། ཧན་ཀྲུང་ཀླུང་ཐང་། པ་ཧྲན་རི་རྒྱུད་བཅས་བརྒྱུད་ནས་སི་ཁྲོན་གཤོང་སར་འབྱོར་གྱི་ཡོད་པ་དང་འདི་ལོ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱ་རྒྱུའི་འཆར་གཞི་ཡོད། སྐབས་དེར་མྱུར་བགྲོད་ལྕགས་ལམ་དེ་ཤིས་ཨན་དང་། ཧན་ཀྲུང་། ཀོང་ཡོན། ཁྲེང་ཏུའུ་སོགས་གནའ་གྲོང་དང་ཡུལ་སྐོར་མཛེས་ལྗོངས་ས་ཚིགས་མང་པོ་དང་འབྲེལ་མཐུད་ཐུབ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།