འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་གསའ་རྒྱུད་སྤེལ་གྱི་དཀའ་གནད་བསལ་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་26ཉིན། 16:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟི་ལིང་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས་གླིང་སྔ་མིང་ལ་ཟི་ལིང་གྲོང་ཁྱེར་སྲོག་ཆགས་གླིང་ཞེས་བརྗོད་ཀྱི་ཡོད། དུས་རབས་གོང་མའི་ལོ་རབས་80པའི་ནང་མི་ཐབས་ལ་བརྟེན་ནས་གསའ་རྒྱུད་སྤེལ་ཚོད་ལྟ་བྱས་ཡོད་པ་རེད། 1984ལོར་གསའ་སྐྱེ་འཕེལ་ཐེངས་དང་པོ་ལེགས་གྲུབ་བྱུང་ཚུན་སྔ་རྗེས་སུ་མི་ཐབས་ལ་བརྟེན་ནས་རྒྱུད་སྤེལ་བྱས་པའི་གསའ་13འདི་གར་སྐྱེས་ཡོད་མོད། འོན་ཀྱང་གསོ་ཚགས་ཁོར་ཡུག་དང་སྨན་བཅོས་ཆ་རྐྱེན་འཐུས་སྒོ་མི་ཚང་བ་དང་མི་ཐབས་ལ་བརྟེན་ནས་གསའ་ཕྲུག་གསོ་བའི་ཉམས་མྱོང་མི་འདང་བའི་དབང་གིས་གསའ་ཕྲུག་ཚང་མ་མཐར་གསོན་མ་ཐུབ་པ་དང་། གསོན་ཚད་རིང་ཤོས་ཀྱང་ལོ་གཅིག་ཙམ་ལས་ཟིན་གྱི་མེད་པ་རེད།
        2012ལོར་ཟི་ལིང་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས་གླིང་གིས་ཕྱུགས་རིགས་སྨན་པ་དང་ཕྱུགས་ལས་ལག་རྩལ་ཆེ་མོ་བ་11ལས་གྲུབ་པའི་གསའ་རྒྱུད་སྤེལ་དཀའ་གནད་འགག་སྒྲོལ་ཚོགས་ཆུང་བཙུགས་ནས་གསའ་རྒྱུད་སྤེལ་བྱེད་པའི་བརྒྱུད་རིམ་ནང་གི་དཀའ་གནད་སྣ་ཚོགས་སེལ་རྒྱུའི་འཚོལ་ཞིབ་བྱེད་འགོ་ཚུགས་པ་རེད།
        མིག་སྔར་གསའ་རྒྱུད་སྤེལ་དཀའ་གནད་འགག་སྒྲོལ་ཚོགས་ཆུང་གིས་གསའ་ཕྲུག་གི་རིམས་འགོག་དང་། མི་ཐབས་ལ་བརྟེན་ནས་གསའ་ཕྲུག་གསོ་བའི་དུས་མཚམས་རང་བཞིན་གྱི་རིམས་འགོག གསའི་ལུས་པོ་བརྟག་དཔྱད་སོགས་ཀྱི་ཞིབ་འཇུག་བྱ་གཞིར་ཞིབ་འཇུག་བྱེད་བཞིན་ཡོད་པ་རེད།
        གསའ་ནི་རང་རྒྱལ་གྱི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཤིག་ཡིན་པ་དང་། ས་བབ་མཐོ་ཚད་སྨི་3500ཡན་གྱི་གངས་རིའི་རྒྱུད་ཉེ་ཁུལ་དུ་འཚོ་གནས་བྱེད་བཞིན་ཡོད། ས་བབ་དམའ་བའི་ཁུལ་གྱི་གནམ་གཤིས་འཕྲོད་དཀའ་བའི་དབང་གིས་གསའ་མི་ཐབས་ལ་བརྟེན་ནས་གསོ་ཚགས་བྱེད་པའི་ཆ་རྐྱེན་འོག་རྒྱུད་སྤེལ་ལེགས་གྲུབ་ཁག་པོ་ཡོད་པ་རེད། མིག་སྔར་ཟི་ལིང་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས་གླིང་ནང་གསའ་9ཡོད་པ་དང་། དེ་ནི་རང་རྒྱལ་གྱི་གསའ་རྒྱུད་སྤེལ་རྟེན་གཞི་གཅིག་པུ་དེ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།