འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།“ཡའོ་རིགས་གྲོང་ཚོའི་སྐོར་སྐྱོད་ཁྲིད་སྦྱོང་ཁང”གིས་མི་སེར་གྱི་སེམས་ལ་དྲོ་སྐྱིད་སྦྱིན།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་26ཉིན། 16:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          “ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དངོས་གནས་ཡག་པོ་འདུག་པས་ང་ཚོ་མི་སེར་གྱི་སེམས་པ་དྲོ་སོབ་སོབ་ཆགས་སོང”ཞེས་ཟླ་11ཚེས་22ཉིན་གྱི་དགོང་མོར་ཀོང་ཤིས་ལིང་ཡུན་རྫོང་ལུའོ་ལོའུ་གྲོང་རྡལ་མོ་ཚུན་ཚུན་ཤིན་ཀྲའེ་གྲོང་ཚོའི་གྲོང་མི་ལི་མེ་ཅིང་གིས་ལུའོ་ལོའུ་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་ཡིའུ་པུན་ཝུན་གྱིས་གནང་བའི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཉན་རྗེས་ཡའོ་རིགས་ཀྱི་དམངས་ཁྲོད་ལ་གླུ་ཞིག་བླངས།
         སྒྲོག་འགྲེལ་བྱེད་པར“ཡིག་ཐོག་ཏུ་འགོད་པ་དང་སྒྲོག་འགྲེལ་ལྷུག་པོ། སྙིང་གཏམ་ཤོད་པ”བཅས་ཐད་ལ་ཤུགས་རྒྱག་དགོས་ཤིང་། ཡིའུ་པུན་ཝུན་གྱིས་གོ་བདེ་ཤེས་སླའི་སྒྲོག་འགྲེལ་བྱས་པར་ཡའོ་རིགས་སྤུན་ཟླས་དགའ་བསུ་ཡང་ཡང་ཞུས་པ་རེད།
        “ཁྱེད་ཚོ་ས་ཚིགས་རྗེས་མ་གང་དུ་འགྲོ་རྒྱུ་ཡིན་ནམ། ངའང་ཁྱེད་ཚོ་དང་མཉམ་དུ་ཉན་པར་ཡོང་གི་ཡིན”ཞེས་སྒྲོག་འགྲེལ་མཇུག་འགྲིལ་རྗེས་གྲོང་མི་ཏེང་མེ་དབྱིན་གྱིས་ཡིའུ་པུན་ཝུན་གྱི་ལག་པར་འཆང་སྟེ་ཁ་བྲལ་འདོད་མེད་པ་བཤད།
        གྲོང་གསེབ་དར་རྒྱས་གཏོང་བར་ཞིང་ལས་རྒྱུས་ཡོད་པ་དང་། གྲོང་གསེབ་ལ་དགའ་བ། ཞིང་པར་དགའ་བ་བཅས་ཀྱི“ཞིང་གསུམ”ལས་དོན་རུ་ཁག་ཞིག་དགོས་པ་དང་། ཤེས་ཡོན་རྣམ་པ་དང་རྩལ་ནུས་རྣམ་པ། གསར་གཏོད་རྣམ་པ་བཅས་ཀྱི་ཞིང་པའི་དཔུང་ཁག་གསར་པ་ཞིག་མགྱོགས་མྱུར་བསྐྲུན་རྒྱུ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་རི་ཁྲོད་ཀྱི་ཡའོ་རིགས་དུད་ཚང་ཚང་མར་དོན་འཁྱོལ་བྱ་ཆེད། ལིང་ཡུན་རྫོང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“ཡའོ་རིགས་གྲོང་ཚོའི་སྐོར་སྐྱོད་ཁྲིད་སྦྱོང་ཁང”གསར་དུ་བཙུགས་པ་དང་། “ཡའོ་རིགས་གྲོང་ཚོའི་སྐོར་སྐྱོད་ཁྲིད་སྦྱོང་ཁང”གིས་དགོང་མོར་མང་ཚོགས་ཁོམ་དུས་དང་བསྟུན་ནས་ཅི་འཕྲོས་མོལ་འཕྲོས་དང་། གྲོས་བསྡུར། སྤེལ་རེས་སོགས་བརྒྱུད་གནས་ལུགས་གཏིང་ཟབ་པོ་དང་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་གསལ་པོར་རྟོགས་ཐབས་བྱས་པ་དང་དུས་མཚུངས་ཞིང་པར་ཕྱུག་འགྱུར་གྱི་ལག་རྩལ་གསར་པ་བསླབས་པ་རེད།
        མིག་སྔར། “ཡའོ་རིགས་གྲོང་ཚོའི་སྐོར་སྐྱོད་ཁྲིད་སྦྱོང་ཁང”རྫོང་ཡོངས་ཀྱི་ཤང་གྲོང་8ལ་ཁྱབ་ནས་ཞིང་ནང་དང་། ཁེ་ལས་ཀྱི་འཁོར་ཁང་། མཐའ་མཚམས་ཐག་རིང་གྲོང་ཚོ་བཅས་སུ་ཁྲིད་སྦྱོང་གང་དུ་གཉེར་ན་དེ་གར་སྒྲོག་འགྲེལ་བྱེད་ཅིང་། དུས་ཚོད་དང་། ས་ཆ། མི་གྲངས་བཅས་ཀྱི་ཚོད་འཛིན་མེད་པར་ཚལ་ཐོའི་རྣམ་པ་དང་། རྒྱུན་གཏན་གྱི་རྣམ་པ། སྤེལ་རེས་བཅས་ཀྱི་ཐོག་ནས་སྒྲོག་འགྲེལ་བྱེད་ཀྱི་ཡོད། གོ་བདེ་ཤེས་སླའི་སྐད་ཆ་དང་དགོད་བྲོའི་ཚིག་སོགས་ཞིང་པས་ལྟ་འདོད་ལ་ཉན་སྤྲོ་བའི་འཁྲབ་སྟོན་བརྒྱུད་ཞིང་པར་ཤེས་བྱ་སློབ་པ་དང་། ལག་རྩལ་ཁྲིད་པ། བཅའ་ཁྲིམས་ཁྱབ་གདལ། སྲོལ་གསར་གླེང་བ་བཅས་བྱས་པས། ཞིང་པའི་ཤེས་བྱ་གསར་པ་སློབ་སྦྱོང་དང་དང་ལེན་བྱེད་པའི་མྱུར་ཚད་དང་ལས་ཕྱོད་ཆེ་རུ་བཏང་ཡོད། གོམ་སྟབས་རྗེས་མར་ལིང་ཡུན་རྫོང“ཡའོ་རིགས་གྲོང་ཚོའི་སྐོར་སྐྱོད་ཁྲིད་སྦྱོང་ཁང”གིས་ད་དུང་སྒྲོག་འགྲེལ་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་སྒྲོག་འགྲེལ་རྐང་འཛིན་པ་སྐྱེད་སྲིང་ཧུར་ཐག་བྱེད་པ་དང་། སྒྲོག་འགྲེལ་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། སྒྲོག་འགྲེལ་བྱེད་སྟངས་གསར་གཏོད་བཅས་བྱས་ནས“ཡའོ་རིགས་གྲོང་ཚོའི་སྐོར་སྐྱོད་ཁྲིད་སྦྱོང་ཁང”གི་སྐོར་སྐྱོད་རང་བཞིན་དང་། སྟབས་བསྟུན་རང་བཞིན། མཉམ་འབྲེལ་རང་བཞིན། བབ་བསྟུན་རང་བཞིན་བཅས་ཀྱི་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཇའི་ཕ་ཡུལ་ཏེ། ལིང་ཡུན་དུ་རྩ་བ་ཚུགས་པ་དང་། ཡལ་ག་རྒྱས་པ། འབྲས་བུ་འདོགས་པ་བཅས་ཐུབ་པ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།