འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་རྟེན་གཞིའི་ཁུལ་རྙིང་འཛུགས་སྐྲུན་ཡར་སྐུལ་ཚོགས་པས་སྤྱི་ཚོགས་ཀྱི་སྟོབས་ཤུགས་
    སྐུལ་སློང་བྱས་ཏེ་རྟེན་གཞིའི་ཁུལ་རྙིང་གི་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་26ཉིན། 16:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རྟེན་གཞིའི་ཁུལ་རྙིང་གི་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱ་ཆེད། ཚེས་24ཉིན། ཀྲུང་གོའི་རྟེན་གཞིའི་ཁུལ་རྙིང་འཛུགས་སྐྲུན་ཡར་སྐུལ་ཚོགས་པས་ཁེ་ལས་47ལ་ལྕག་སྐུལ་བྱས་ནས་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པའི་གྲོང་ཚོ་དབུལ་པོ་53དང་ཆ་སྒྲིག་རོགས་སྐྱོར་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད།
          ཁེ་ལས་དེ་དག་གིས་ཚེས་24ཉིན་རྟེན་གཞིའི་ཁུལ་རྙིང་འཛུགས་སྐྲུན་ཡར་སྐུལ་ཚོགས་པས་འཚོགས་པའི“བརྒྱ་གཉིས་དང་སྐུལ་འདེད་གཉིས”ཀྱི་བྱ་སྤྱོད་ཀྱི་ཁག་བཞི་པའི་གྲོང་གསེབ་དང་ཁེ་ལས་ཆ་སྒྲིག་རོགས་སྐྱོར་གྱི་གན་འཇོག་མཛད་སྒོའི་ཐོག་གན་རྒྱ་བཞག་པ་རེད།
         “བརྒྱ་གཉིས་དང་སྐུལ་འདེད་གཉིས”ཀྱི་བྱ་སྤྱོད་ནི་རྟེན་གཞིའི་ཁུལ་རྙིང་འཛུགས་སྐྲུན་ཡར་སྐུལ་ཚོགས་པས་ཀྲུང་གོ་དབུལ་སྐྱོར་གསར་སྤེལ་མཐུན་ཚོགས་དང་ཀྲུང་གོ་ཕྱིར་གཏོང་ནང་འདྲེན་དངུལ་ཁང་སོགས་སྤྱི་ཚོགས་ཚོགས་པའི་རྩ་འཛུགས་དང་དངུལ་རྩའི་སྒྲིག་གཞི་20ལྷག་ཙམ་གྱི་རྒྱབ་སྐྱོར་འོག་སྤེལ་བའི་ཆེད་དོན་དབུལ་སྐྱོར་བྱེད་སྒོ་ཞིག་རེད། དེའི་དམིགས་ཚད་ནི་ཁེ་ལས་བརྒྱ་སྐུལ་སློང་བྱས་ནས་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པའི་གྲོང་ཚོ་དབུལ་པོ་བརྒྱར་རོགས་སྐྱོར་བྱ་རྒྱུ་དེ་རེད།
         ཀྲུང་གོ་རྟེན་གཞིའི་ཁུལ་རྙིང་འཛུགས་སྐྲུན་ཡར་སྐུལ་ཚོགས་པའི་ཚོགས་གཙོ་ཝང་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཡོངས་ཀྱི་རྫོང་དབུལ་པོ་832ཁྲོད་རྟེན་གཞིའི་ཁུལ་རྙིང་པའི་རྫོང་དབུལ་པོ་357དང་། གྲོང་ཚོ་དབུལ་པོ་ཁྲི་3.5 མི་འབོར་དབུལ་པོ་ཁྲི་2985བཅས་ཡོད། རྫོང་དབུལ་པོ་དང་། གྲོང་ཚོ་དབུལ་པོ། མི་འབོར་དབུལ་པོ་བཅས་ཀྱིས་རྒྱལ་ཡོངས་ཀྱི་ས་ཁུལ་དབུལ་པོ་དང་མི་འབོར་དབུལ་པོའི་གསུམ་ཆ་གཅིག་ཡན་བཟུང་ཡོད།
         “བརྒྱ་གཉིས་དང་སྐུལ་འདེད་གཉིས”ཀྱི་བྱ་སྤྱོད་དེ་ན་ནིང་གི་ཟླ་བ་བཅུ་གཉིས་པར་སྤེལ་འགོ་བཙུགས་ཚུན་པེ་ཅིང་དང་། ཧང་ཀྲོའུ། ཧྲང་ཧའེ་བཅས་སུ་གན་འཇོག་བྱེད་སྒོ་ཐེངས་གསུམ་སྔ་རྗེས་སུ་སྤེལ་ཞིང་། ད་ཐེངས་གན་རྒྱ་བཞག་རྗེས་གན་འཇོག་ཁེ་ལས་དང་གྲོང་ཚོ་དབུལ་པོ་ཆ་102ཟིན་ནས་བྱེད་སྒོ་སྤེལ་འགོ་འཛུགས་སྐབས་ཁས་བླངས་པའི“བརྒྱ་གཉིས”ཀྱི་ལས་འགན་ལེགས་གྲུབ་རགས་ཙམ་བྱུང་ཡོད་པ་རེད།
         རྒྱལ་ཡོངས་རང་བཞིན་གྱི་སྤྱི་ཚོགས་ཚོགས་པའི་རྩ་འཛུགས་ཤིག་ཡིན་པའི་ཀྲུང་གོའི་རྟེན་གཞིའི་ཁུལ་རྙིང་འཛུགས་སྐྲུན་ཡར་སྐུལ་ཚོགས་པས་ཉེ་བའི་ལོ་ཤས་རིང་དམངས་གཉེར་ཁེ་ལས་2050ཙམ་ལ་རྟེན་གཞིའི་ཁུལ་རྙིང་མ་འཇོག་གསར་སྤེལ་ནང་ཞུགས་རྒྱུའི་སྐུལ་སློང་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར་1846.9ཙམ་བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།