འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཞིང་ལས་ཚན་རིག་ཁང་གིས་ཞིང་ལས་ལག་རྩལ་དང་ཐོན་རྫས་61“རྒྱུད་གཅིག་ལམ་
    གཅིག"རྒྱུད་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཁྱབ་གདལ་
    གཏོང་རྒྱུར་སྐུལ་འདེད་བཏང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་26ཉིན། 16:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། མིག་སྔའི་བར་ཀྲུང་གོ་ཞིང་ལས་ཚན་རིག་ཁང་གིས་ཞིང་ལས་ལག་རྩལ་དང་ཐོན་རྫས་61“རྒྱུད་གཅིག་གཅིག”ལམ་རྒྱུད་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཁྱབ་གདལ་བཏང་ནས“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་ལ་ཞིང་ལས་ཐོན་རྫས་མཁོ་སྤྲོད་ནུས་ལྡན་བྱེད་པ་དང་དེ་བཞིན་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཀྱི་ཁྲོམ་རའི་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་པ་རེད།
         གོང་གསལ་གནས་ཚུལ་དེ་ནི་ཚེས་24ཉིན་ཀྲུང་གོ་ཞིང་ལས་ཚན་རིག་ཁང་ཕྱི་རྒྱལ་ཞིང་ལས་ཞིབ་འཇུག་ལྟེ་གནས་ཀྱིས་འཚོགས་པའི་ཕྱི་རྒྱལ་ཞིང་ལས་ཞིབ་འཇུག་ཚོགས་ཆེན་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་བ་ཞིག་རེད།
         ཀྲུང་གོ་ཞིང་ལས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཝུའུ་ཁུང་མིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་ཞིང་ལས་ཚན་རིག་ཁང་གིས་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་དང་མཉམ་ལས་དམ་ཟབ་བྱས་ཏེ་རང་རྒྱལ་གྱི་ཞིང་ལས་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་བར་ཚན་རྩལ་གྱི་འདེགས་སྐྱོར་གལ་ཆེན་བྱས་ཡོད། མིག་སྔར་རྒྱུད་འདྲེས་ཆུ་འབྲས་དང་རྒྱུད་འདྲེས་མ་རྨོས་ལོ་ཏོག་གི་ས་བོན་ཐོན་སྐྱེད་དང་། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལག་རྩལ་དང་རིམས་འགོག་སྨན་ཁབ། སྡེ་ཁུལ་གྱི་ལྡུམ་རའི་ལག་རྩལ། ཞིང་ལས་འཕྲུལ་ཆས། རྫབ་རླངས། བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་ལག་རྩལ་བཅས་འཛམ་གླིང་གི་རྒྱལ་ཁབ་མང་པོར་དཔེ་སྟོན་དང་ཁྱབ་གདལ་བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།