འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་ལྟེ་གནས་20ལྷག་ཙམ་བསྐྲུན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་26ཉིན། 16:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་ལྟེ་གནས་བསྐྲུན་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་ཆེད། ཉེ་ཆར། ཚན་རྩལ་པུའུ་ཡིས་《རྒྱལ་ཁབ་་ཀྱི་ལག་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་བྱེད་པའི་ལས་དོན་མཛུབ་ཁྲིད་》ཅེས་པའི་ཡིག་ཆ་བཟོས་པ་རེད། ཡིག་ཆའི་ནང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་ལྟེ་གནས་20ལྷག་ཙམ་བསྐྲུན་རྒྱུའི་འཆར་གཞི་བཀོད་པ་དང་། ལྟེ་གནས་དེས་ ལྷག་ཏུ་སྔོན་ཐོན་གྱི་གསར་གཏོད་དང་། ཐོན་ལས་ལག་རྩལ་སྒྱུར་བཅོས་ཀྱི་ཁ་ཕྱོགས་ལ་སྣེ་ཁྲིད་བྱེད་པ། ཐོན་ལས་ཀྱི་འབྱུང་འགྱུར་འཕེལ་ཕྱོགས་ལ་ཤུགས་རྐྱེན་བཟོ་བ། འབྱུང་འགྱུར་ཐོན་ལས་ཀྱི་རིམ་པ་མཐོ་བའི་ཁྱབ་ཁོངས་བཟུང་བ་བཅས་ལ་གཙོ་གནད་ཐོག་དམིགས་རྒྱུ་ཡིན་པ་རེད།
          ཐེངས་འདིར་བཏོན་པའི་ཡིག་ཆ་དེས་འབྱུང་འགྱུར་རྒྱལ་ཁབ་ལག་རྩལ་གསར་གཏོད་ལྟེ་གནས་ཀྱི་གཙོ་གནད་འཛུགས་སྐྲུན་ཁྱབ་ཁོངས་ལ་འཆར་འགོད་བྱས་པ་དང་འཛམ་གླིང་གི་ཚན་རྩལ་གསར་ཤོས་དང་། དཔལ་འབྱོར་གྱི་གཡུལ་ས་གཙོ་བོ། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་སོགས་ཐད་ཁ་ཕྱོགས་པ་སྟེ།
         —— ལྷག་ཏུ་སྔོན་ཐོན་གྱི་གསར་གཏོད་ཐུབ་རེ་ཡོད་པ་དང་། ཐོན་ལས་ལག་རྩལ་སྒྱུར་བཅོས་ཀྱི་ཁ་ཕྱོགས་ལ་སྣེ་ཁྲིད་བྱེད་པ། ཐོན་ལས་ཀྱི་འབྱུང་འགྱུར་འཕེལ་ཕྱོགས་ལ་ཤུགས་རྐྱེན་བཟོ་བ། འབྱུང་འགྱུར་ཐོན་ལས་ཀྱི་རིམ་པ་མཐོ་བའི་ཁྱབ་ཁོངས་བཟུང་བ་བཅས་དང་། དེའི་ནང་ཐད་གྲངས་གཞི་ཆེ་མོ་དང་། ཚད་རྡུལ་འཕྲིན་གཏོང་། མི་ཐབས་རིག་ནུས། དེང་རབས་ཞིང་ལས། མཉམ་བསྲེས་སྐྱེ་དངོས་རིག་པ། སྐྱེ་དངོས་ཕྲ་རབ། གནད་སྨིན་གསོ་རིག་སོགས་ཚུད་ཡོད།
         —— རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་འཇུར་མིག་དང་ཚོད་འཛིན་ལས་ཚད་བརྒལ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པའི་ཁྱབ་ཁོངས་དང་། དེའི་ནང་མྱུར་བགྲོད་མེ་འཁོར་དང་། སྒུལ་བདེའི་འཕྲིན་གཏོང་། རིག་ནུས་གློག་དྲ། འདུས་གྲུབ་གློག་ལམ། རིག་ནུས་བཟོ་སྐྲུན། རྒྱུ་ཆ་གསར་པ། རྡོ་སོལ་ཁམས་གཙང་དང་ནུས་ཆེའི་ངང་སྤྱོད་པ། སྣུམ་རླངས་རྩད་ཞིབ་དང་གསར་སྤེལ། སྐྱེ་དངོས་འདེབས་འཛུགས་ལས་རིགས། སྐྱེ་དངོས་སྨན་རྫས། སྨན་བཅོས་ཡོ་ཆས། ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་སོགས་ཚུད་ཡོད།
        —— རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁེ་ཕན་གལ་ཆེན་དང་འབྲེལ་བ་ཡོད་པ་དང་རྒྱལ་ཇུས་དམངས་འཚོ་དང་ཐོན་ལས་ཀྱི་རྩ་བ་དང་འབྲེལ་བ་ཡོད་པའི“འགག་གནད”དང་། དེའི་ནང་མཁའ་འགྲུལ་སྒུལ་བྱེད་འཕྲུལ་འཁོར་དང་། སོལ་རླངས་སྒུལ་ཤུགས་འཕྲུལ་འཁོར། གནམ་གྲུ་ཆེན་པོ། ལྟེ་བའི་གློག་རྡུལ་ཡོ་བྱད། ཉིང་གློག རྒྱ་མཚོ་གཏིང་རིང་ལ་བརྟག་དཔྱད་བྱེད་པའི་ཡོ་ཆས་སོགས་ཚུད་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་ལག་རྩལ་གསར་གཏོད་ལྟེ་གནས་ཀྱིས་རྒྱལ་ཁབ་ཀྱི་གསར་གཏོད་ཀྱི་འཐབ་ཇུས་གལ་ཆེན་དོན་འཁྱོལ་བྱེད་པར་དམིགས་ནས་ས་ཁོངས་བཀོད་སྒྲིག་ལ་སྤྱི་འདོམས་ཀྱིས་བསམ་གཞིག་བྱ་རྒྱུ་ཡིན་པ་རེད། ཁེ་ལས་དང་། མཐོ་སློབ། ཚན་ཞིབ་སུའོ་བཅས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་ལྟེ་གནས་བསྐྲུན་པ་དང་། རིམ་ཁག་གིས་སྲིད་གཞུང་རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་ལས་དོན་ནང་ཞུགས་པ་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད། འབྲེལ་ཡོད་ཐོན་ལས་ཀྱི་ཁྱབ་ཁོངས་གསར་གཏོད་དང་། འཕེལ་རྒྱས་ཀྱི་དོན་དངོས་གཞིར་བཟུང་། གྲུབ་སྟངས་སྣ་ཚོགས་ལག་བསྟར་ཆོག་པ་དང་། “ལྟེ་གནས་གཅིག་དང་ཇུས་གཞི་གཅིག”ལག་བསྟར་བྱེད་དགོས་ཤིང་། སྤྱིར་ན་ལོ་གསུམ་རེར་འཛུགས་སྐྲུན་གྱི་དུས་འཁོར་རེ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།