འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ལན་ཞང་དང་མཉམ་དུ་བོད་ཀྱི་ཆ་འཕྲིན་ཅན་
    འཛུགས་སྐྱོང་ལ་འཆར་འགོད་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་26ཉིན། 16:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་24ཉིན་འཚོགས་པའི་ལན་ཞང་ཚོགས་པའི་གསར་གཏོད་ཚན་རྩལ་ཚོགས་ཆེན་གྱི་ལྷ་སའི་དབུ་ཚོགས་ཐོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ལན་ཞང་ཚོགས་པ་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་ནས་བོད་རང་སྐྱོང་ལྗོངས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། ཕྱོགས་གཉིས་པོས་ས་མཐོའི་རིག་ལྡན་གྲོང་ཁྱེར་དང་། སྲིད་གཞུང་བཅོས་སྐྱོང་དེང་རབས་ཅན་ལ་འགྱུར་བ། སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བཅས་དང་དེ་བཞིན་སློབ་གསོ་དང་། སྨན་བཅོས། ཁོར་ཡུག་སྲུང་སྐྱོང་། རིག་གནས། བདེ་འཇགས་འགོག་སྲུང་བཅས་ཀྱི་ཁྱབ་ཁོངས་ཐད་ཕྱོགས་ཡོངས་ནས་འཐབ་ཇུས་མཉམ་ལས་བྱས་ཏེ་གཉིས་ཁེ་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཕྱོགས་གཉིས་པོའི་མཉམ་ལས་དེ་ལན་ཞང་གི་སྤུས་རྟགས་དང་། ལག་རྩལ། ཤེས་ལྡན་མི་སྣ། མ་དངུལ། ལས་སྟེགས། དོ་དམ། ཐོན་ལས་སྣོད་བཅུད་ཁུལ་གྱི་ཐོན་ཁུངས་སོགས་ཐད་ཀྱི་ལེགས་ཆར་བརྟེན་པ་དང་བོད་རང་སྐྱོང་ལྗོངས་ཀྱི་ཐོན་ཁུངས་ལེགས་ཆ་དང་། རིག་གནས་ཀྱི་ཁྱད་ཆོས། ཐོན་ལས་ཀྱི་ཁྱད་ཆོས། སྲིད་ཇུས་ཐད་ཀྱི་གཟིགས་སྐྱོང་བཅས་ལ་གཞི་ཚུགས་ནས་ཁྱབ་ཁོངས་མང་པོའི་ཐད་ཕྱོགས་ཡོངས་ནས་མཉམ་ལས་བྱས་ཏེ་བོད་རང་སྐྱོང་ལྗོངས་ཀྱི་རིག་ལྡན་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། དུས་མཚུངས་ལན་ཞང་གི་སྲིད་དོན་གྲངས་གཞི་ཆེ་མོ་དང་དུས་བདེའི་གྲོང་ཁྱེར་གྱི་གྲངས་གཞི་ཆེ་མོའི་ལེགས་ཆ་དང་ཕུན་སུམ་ཚོགས་པའི་ཉམས་མྱོང་དང་དེ་བཞིན་མི་ཐབས་བརྟེན་པའི་རིག་ནུས་དང་། གྲངས་གཞི་ཆེ་མོ། ལས་རིགས། གྲོང་ཁྱེར་རིག་ལྡན་བཀོལ་སྤྱོད་བཅས་ཁྱབ་ཁོངས་ཀྱི་ལག་རྩལ་གསོག་འཇོག་དང་ལས་གྲྭའི་ཉམས་མྱོང་སྤྱད་དེ་ས་མཐོའི་ཁོར་ཡུག་གྲོང་ཁྱེར་གྱི་རིག་ལྡན་ཅན་འདུ་འགོད་ཚོད་ལྟ་ཁང་འཛུགས་རྒྱུ་ཡིན་པ་རེད། བོད་ཀྱིས་དུས་བདེའི་གྲོང་ཁྱེར་དང་། རིག་ལྡན་སློབ་གསོ། རིག་ལྡན་སྨན་བཅོས། རིག་ལྡན་ཁོར་ཡུག་སྲུང་སྐྱོང་། རིག་ལྡན་སྲིད་དོན་སོགས་རིགས་ཁག་གི་རིག་ལྡན་བཀོལ་སྤྱོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་བཏང་ནས་སྲིད་གཞུང་གི་སྲིད་དོན་དོ་དམ་ཆུ་ཚད་དང་སྲིད་དོན་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་གཏོང་རྒྱུ་རེད།
         ལན་ཞང་ཚོགས་པའི་མཐོ་རིམ་ཙུང་ཚའེ་གཞོན་པ་གྲངས་གཞིའི་ལྟེ་གནས་ཀྱི་ལས་སྒོ་ཚོགས་པའི་ཀྲུང་གོ་ཁུལ་གྱི་ཙུང་ཚའེ་ཐུང་ཧྥུའུ་ཡའོ་ཡིས“རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་བོད་རང་སྐྱོང་ལྗོངས་ཀྱིས་འཐབ་ཇུས་ཀྱི་གནས་བབ་གལ་ཆེན་བཟུང་ཡོད་ལ་ལན་ཞང་ཚོགས་པའི་ཐོན་ལས་ཁྱབ་ཚུལ་གྱི་ལྷུ་ཚིགས་གལ་ཆེན་ཞིག་ཀྱང་ཡིན། ལོ་མང་རིང་ལན་ཞང་ཚོགས་པས་བོད་རང་སྐྱོང་ལྗོངས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས་ཡོད། ད་ཐེངས་མཉམ་ལས་བྱས་པ་བརྒྱུད། ལན་ཞང་གིས་གོ་ལ་ཧྲི་པོའི་ITཁྱབ་ཁོངས་ཀྱི་རྩེར་སོན་ལག་རྩལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་མངགས་བཟོ་ཅན་གྱི་སྤྱི་ཡོངས་ཀྱི་ཐག་གཅོད་ཇུས་གཞིར་བརྟེན་ནས་བོད་ཀྱི་རིམ་ཁག་སྡེ་ཚན་གྱིས་རིག་ལྡན་བཀོལ་སྤྱོད་ཁྱབ་གདལ་གཏོང་རྒྱུར་རོགས་རམ་ཧུར་ཐག་བྱེད་པ་དང་། རིག་ལྡན་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྲིད་གཞུང་གི་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ། སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། གནད་སྨིན་དབུལ་སྐྱོར་ལ་རམ་འདེགས་བྱེད་པ་བཅས་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན”ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།