འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རིགས་ས་ཁུལ་རང་གི་ཕ་ཡུལ་དུ་བརྩི་བ་དང་ཕྲུ་གུ་རྣམས་རང་གི་གཉེན་ཉེ་ལྟ་བུར་བརྩི་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་26ཉིན། 16:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་སྐྱོར་སྐོར་གླེང་སྐབས་ཏ་དབྱི་རྫོང་གི་དགེ་རྒན་ཀྲའོ་ཞའོ་ཀང་གིས“སློབ་སྐྱོར་གདམ་ག་བྱེད་དོན་ནི། དཀའ་ཚེགས་ནི་མི་ཚེར་ཞུན་བརྡར་བྱེད་པའི་བརྡར་རྡོ་ཡག་ཤོས་དེ་ཡིན། སློབ་གསོར་ལེགས་སྐྱེས་འབུལ་དོན་ནི་སློབ་མའི་གཟེངས་སུ་ཐོན་པའི་སྦྱངས་འབྲས་ལས་མི་རྣམས་མི་ཚེ་གཅིག་སྤོབས་པ་སྐྱེ་འོས་པ་ཞིག་ཡོད་པས་ཡིན”ཞེས་བཤད། ད་ཐེངས་རྔ་པ་ཀྲོའུ་ཟུང་ཆུ་རྫོང་དུ་སློབ་སྐྱོར་བྱེད་པ་དེ་ཁོང་གིས་བོད་རིགས་ས་ཁུལ་དུ་སློབ་སྐྱོར་བྱེད་ཐེངས་གཉིས་པ་ཡིན། གང་དུ་བོད་སྐྱོར་བྱས་རུང་ཁོང་གིས་ཚང་མ་རང་ཉིད་ཀྱི་ཕ་ཡུལ་དུ་བརྩིས་ནས་རོགས་སྐྱོར་ཐོབ་མཁན་སློབ་གྲྭ་རང་ཉིད་ཀྱི་ཁྱིམ་དུ་བརྩི་བ་དང་བོད་རིགས་ས་ཁུལ་གྱི་ཕྲུ་གུ་རང་ཉིད་ཀྱི་གཉེན་ཉེ་ལྟ་བུར་བརྩིས་ཏེ་སློབ་སྐྱོར་རོགས་སྐྱོར་གྱི་ལས་དོན་ནང་ནུས་ཤུགས་ཡོད་རྒུས་ཞུགས་ནས་བོད་རིགས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་ཞིག་བསྣན་ཡོད།
         ལོ་གཅིག་གོང་། བོད་སྐྱོར་ལས་བྱེད་པ་ཞིག་ཡིན་པའི་ཀྲའོ་ཞའོ་ཀང་གིས་ཏ་དབྱི་རྫོང་གི་སློབ་གསོའི་ལས་དོན་པའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ཏེ་གཉེན་ཉེ་དང་ཕ་ཡུལ་དང་ཁ་བྲལ་ཏེ“གངས་ལྗོངས་ས་མཐོའི”ཟུང་ཆུར་ཡོང་། བཀོད་སྒྲིག་གཞིར་བཟུང་ཁོང་གིས་ཟུང་ཆུ་རྫོང་ཁྲེང་ཀོན་སློབ་ཆུང་གི་ཞའོ་ཀྲང་གཞོན་པའི་འགན་འཁུར་བ་མ་ཟད། སློབ་གྲྭའི་ཀུན་སྤྱོད་སློབ་གསོའི་ལས་དོན་གྱི་འགན་ཡང་འཁུར། ས་མཐོར་འཚོ་བ་སྐྱེལ་བ་དང་ལས་ཀ་བྱེད་པའི་ཉམས་མྱོང་ཡོད་པ་དང་སེམས་ནང་འགྲན་སློང་དང་ལེན་བྱེད་པའི་གྲ་སྒྲིག་ཡོད་མོད། འོན་ཀྱང་ས་བབ་སྨི་3000ཙམ་གྱི་ཟུང་ཆུའི་གནའ་གྲོང་དུ་འབྱོར་རྗེས་གསོ་རླུང་མི་འདང་བ་མ་ཟད། ས་མཐོ་མི་འཕྲོད་པའི་དབང་གིས་ཉིན་ཤས་བསྟུད་མར་གཉིད་ཁུག་ཐབས་བྲལ། ཡིན་ནའང་། ཟུང་ཆུ་རྫོང་ཁྲེང་ཀོན་སློབ་ཆུང་གིས་བཀོད་སྒྲིག་བྱས་པའི་ལས་འགན་འབྱོར་རྗེས་ཁོང་གིས་མགོ་ཡུ་འཁོར་བ་དང་རྣ་ཁྲག་དོན་པར་མི་བལྟོས་པར་འཕྲལ་དུ་ཛ་དྲག་གི་ལས་ཀར་ཞུགས།
        བོད་རིགས་ས་ཁུལ་གྱི་ཕྲུ་གུ་མང་ཆེ་བའི་རྒྱ་ཡིག་གི་རྨང་གཞི་ཧ་ཅང་ཞན་པོ་ཡོད་པ་དང་ཐ་ན་ཕྲུ་གུ་མང་ཆེ་བས་རྒྱ་སྐད་ཡག་པོ་ཞིག་རྒྱག་ཤེས་ཀྱི་མེད། སྣང་ཚུལ་དེ་ལས་ཀྲའོ་ཞང་ཀང་གིས་སློབ་ཁྲིད་བྱེད་སྟངས་སྒྱུར་བཅོས་བྱས་ནས་ཁོང་ཚོར་འཚམ་པའི་སློབ་ཁྲིད་ཀྱི་ཇུས་གཞི་བཟོས་ཚེ། གཞི་ནས་ཕྲུ་གུ་ཚོའི་རྒྱ་ཡིག་གི་ཆུ་ཚད་མཐོ་རུ་གཏོང་ཐུབ་པའི་ངོས་འཛིན་བྱས། རྨང་གཞི་ཞན་པོ་ཡོད་པས་ཁོང་གིས་ཆེས་རྨང་གཞིའི་རྒྱ་སྐད་ཀྱི་སྦྱོར་ཀློག་ནས་འགོ་བཙུགས་ཏེ་ཐེངས་གཅིག་གཉིས་ཙམ་མིན་པར་ཕྲུ་གུས་ཀློག་ཤེས་ཤེས་བར་བསླབས་ཀྱི་ཡོད། ཕྲུ་གུའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་ཆེད་སློབ་དུས་ཚང་མར་ཁོང་རང་ཉིད་ཀྱི་དངུལ་བཏོན་ཏེ་ཀློག་དེབ་དང་ཡིག་ཆས་ཉོས་ནས་སློབ་ཕྲུག་ཚོར་སྐུལ་ལྕག་བྱེད་ཀྱི་ཡོད།
        “དེ་གར་ང་ཚོས་ནང་སའི་ཆེས་སྔོན་ཐོན་གྱི་སློབ་ཁྲིད་ཉམས་མྱོང་དང་འདུ་ཤེས་ས་གནས་དེའི་དགེ་རྒན་ལ་བརྒྱུད་སྤྲོད་བྱེད་ཀྱི་ཡོད”ཀྲའོ་ཞའོ་ཀང་གིས་ཏ་དབྱི་རྫོང་སློབ་གསོ་ཅུས་ཀྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་དང་། ཁ་གཏད་རོགས་སྐྱོར་བྱེད་སྒོ་ཐེངས་མང་མཐུན་སྦྱོར། “ནང་དུ་དྲངས་པ”དང“ཕྱིར་སྐྱོད་པའི”བྱེད་ཐབས་སྤྱད་ནས་ཏ་དབྱི་རྫོང་དང་ཟུང་ཆུ་རྫོང་གི་དགེ་རྒན་དཔུང་ཁག་ཕན་ཚུན་རྟོག་ཞིབ་སྤེལ་རེས་དང་རོགས་སྐྱོར་ཆ་འགྲིག་བཅས་བྱས་པས་རོགས་སྐྱོར་ཐོབ་མཁན་སློབ་གྲྭའི་དོ་དམ་ཆུ་ཚད་དང་དགེ་རྒན་གྱི་ལས་སྒོའི་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད། སློབ་གྲྭ་ཉིན་རེ་བཞིན་མ་འདས་པར་འགྱུར་ལྡོག་ཕྱིན་པ་མཐོང་སྐབས་ཟུང་ཆུ་རྫོང་གྲོང་སློབ་ཆུང་གི་སློབ་སྤྱི་ཧྲེན་པིང་གིས“ཏ་དབྱིའི་སློབ་སྐྱོར་དགེ་རྒན་དངོས་འབྲེལ་ང་ཚོར་རོགས་རམ་གནང་བར་ཕེབས་པ་ཞིག་ཡིན་པས་སློབ་སྤྱི་ཀྲའོ་ལགས་ནི་དངོས་འབྲེལ‘འཇོན་ཐང་ཅན’ཞིག་རེད་འདུག”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།