འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།"ཚན་རིག"རྟགས་ཅན་གྲུ་གཟིངས་ཀྱིས་སྐམ་ས་དང་ཉེ་བའི་རྒྱ་མཚོ་ནས་ནུབ་ཞི་བདེ་རྒྱ་མཚོ་
    ཆེ་མོའི་བར་གྱི་འགྱིག་རྫས་ཕྲ་མོའི་མ་དཔེ་ཐོག་མར་བླངས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་18ཉིན། 12:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་16ཉིན། རང་རྒྱལ་གྱི་ཐག་རིང་རྒྱ་མཚོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་གྲུ་གཟིངས་རབས་གསར་པ“ཚན་རིག”རྟགས་ཅན་གྱིས་རྒྱལ་ཁབ་རང་བྱུང་དང་ཚན་རིག་ཐེབས་རྩ་ཨུ་ལྷན་གྱི“2017ལོའི་ནུབ་ཞི་བདེ་རྒྱ་མཚོ་ཆེ་མོའི་སྒོ་དབྱེ་མཉམ་སྤྱོད་ཀྱི་མཚོ་འགྲུལ”རྣམ་གྲངས་ཀྱི་ཚན་རིག་རྟོག་ཞིབ་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱས་ནས་ཆིང་ཏའོ་ཡི་གྲུ་ཁ་ཨ་མར་ལོག་པ་རེད། ད་ཐེངས་ཀྱི་མཚོ་འགྲུལ་ནང་ཚན་རིག་རྟོག་ཞིབ་རུ་མིས་རང་རྒྱལ་གྱི་སྐམ་ས་དང་ཉེ་བའི་རྒྱ་མཚོ་ནས་ནུབ་ཞི་བདེ་རྒྱ་མཚོ་ཆེ་མོའི་བར་གྱི་འགྱིག་རྫས་ཕྲ་མོའི་མ་དཔེ་ཐོག་མར་བླངས་པ་རེད།
        མཚོ་འགྲུལ་གྱི་དབུ་བཞུགས་ཚན་རིག་མཁས་ཅན་ཀྲུང་གོ་ཚན་རིག་ཁང་རྒྱ་མཚོ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཀྲོའུ་ཧུའེ་ཡིས་འགྱིག་རྫས་ཕྲ་མོ་དེ་དག་རྒྱ་མཚོའི་ཁྲོད་ཀྱི་ཟ་རིགས་ནང་འདྲེས་ནས་རྒྱ་མཚོའི་སྐྱེ་དངོས་ནང་འཛུལ་བ་མ་ཟད་མཐར་མིའི་རིགས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་བཟོ་ཡི་ཡོད། གནད་དོན་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་ཁུར་ཆེན་པོ་ཐོབ་མོད། འོན་ཀྱང་ནུབ་ཞི་བདེ་རྒྱ་མཚོ་ཆེ་མོའི་འགྱིག་རྫས་ཕྲ་མོར་སྔར་ནས་ལྟ་དཔྱད་ཚད་འཇལ་བྱ་མྱོང་མེད་ཅེས་ངོ་སྤྲོད་བྱས་པ་རེད།
        “ད་ཐེངས་ཀྱི་མཚོ་འགྲུལ་ནང་ང་ཚོས་ས་ཚིགས་25ཡི་རྒྱ་མཚོའི་འགྱིག་རྫས་ཕྲ་མོའི་མ་དཔེ་བླངས་པ་དེ་ཐོག་ནས་ཀྲུང་གོའི་སྐམ་ས་དང་ཉེ་བའི་རྒྱ་མཚོ་ནས་ནུབ་ཞི་བདེ་རྒྱ་མཚོ་ཆེ་མོའི་བར་དུ་འགྱིག་རྫས་ཕྲ་མོ་ཁྱབ་ཚད་དང་འཕྱོ་སྐྱོད་གང་འདྲ་བྱེད་ཚུལ་རྩད་གཅོད་གསལ་པོ་བྱ་རྒྱུར་གྲངས་གཞི་མཁོ་འདོན་བྱས་ཡོད”ཅེས་ཀྲོའུ་ཧུའེ་ཡིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།