འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་དང་ས་གནས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ཨུ་ལྷན་གྱིས་ལས་དོན་སྤེལ་
    རེས་ཚོགས་འདུ་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་18ཉིན། 12:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
        མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་དང་ས་གནས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ཨུ་ལྷན་གྱི་ལས་དོན་སྤེལ་རེས་ཚོགས་འདུ་ཚེས་16ཉིན་ཀུའེ་དབྱང་གྲོང་ཁྱེར་དུ་འཚོགས་པ་རེད།
        རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མ་པེའོ་ཡིས་སྤེལ་རེས་ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་ནི་རིམ་ཁག་སྲིད་གྲོས་རྩ་འཛུགས་ཀྱི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ཡིན་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་སྲིད་གྲོས་མི་རིགས་ཆོས་ལུགས་ཨུ་ལྷན་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་མི་རིགས་ཆོས་ལུགས་ལས་དོན་སྐོར་གྱི་ཏང་དང་སྲིད་གཞུང་གི་བྱེད་ཕྱོགས་གལ་ཆེན་དང་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་མ་གཏོང་དགོས་ཞེས་གསུངས་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། ལོ་ལྔའི་རིང་རིམ་ཁག་སྲིད་གྲོས་མི་རིགས་ཆོས་ལུགས་ཨུ་ལྷན་གྱིས་རྒྱལ་ཁབ་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ཁྲོད་ཀྱི་མི་རིགས་དང་ཆོས་ལུགས་ཁྱབ་ཁོངས་ཀྱི་གནད་དོན་གལ་ཆེན་ལ་དམིགས་ནས་ཆེད་དམིགས་བརྟག་ཞིབ་དང་རྟོག་ཞིབ་ཐེངས་37སྒྲིག་འཛུགས་དང་། རིགས་ཁག་གི་བཞུགས་མོལ་ཚོགས་འདུ་ཐེངས་12འཚོགས་པ། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་འདོད་ཀྱི་ཆ་འཕྲིན་ཁྱོན་175མཚོན་པར་བྱས་ཏེ་ཏང་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ངང་ཐབས་ཇུས་འགོད་རྒྱུར་དཔྱད་གཞི་མཁོ་འདོན་དང་མི་རིགས་མཐུན་སྒྲིལ་དང་། ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་དང་རྒྱལ་ཁབ་གཅིག་གྱུར་ཡོང་བར་ནུས་པ་གལ་ཆེན་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།