འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།བརྟག་དཔྱད་ལས་མངོན་དོན་རང་རྒྱལ་ཁེ་ལས་ཀྱི་མདུན་ལམ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་18ཉིན། 12:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་13ཉིན་ཀྲུང་གོའི་ཁེ་ལས་མཁས་ཅན་བརྟག་དཔྱད་མ་ལག་གིས་ཁྱབ་བསྒྲགས་བྱས་པའི་རྒྱལ་ཡོངས་རང་བཞིན་གྱི་ཁེ་ལས་མཁས་ཅན་གྱི་ལོ་འཁོར་བརྟག་དཔྱད་ཐེངས་25པའི་《2017ལོའི་ཀྲུང་གོའི་ཁེ་ལས་གཉེར་སྐྱོང་པའི་བརྟག་དཔྱད་རྗེས་སྙེགས་འདྲི་ཤོག་སྙན་ཞུ་》ལས་མངོན་དོན། མིག་སྔར་རང་རྒྱལ་ཁེ་ལས་ཀྱི་ཐོན་ཚོང་རྣམ་པ་རིམ་གྱིས་ལེགས་སུ་ཕྱིན་པ་དང་། མཛོད་ཉར་ཆུ་ཚད་རྒྱུན་གཏན་དུ་སླེབས་པ། ཁེ་ལས་ཀྱི་ཁེ་སྤོགས་མང་དུ་ཕྱིན་པ་བཅས་བྱུང་ནས་ཁེ་ལས་ཀྱི་མདུན་ལམ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་རེད།
         བརྟག་དཔྱད་ནང་གི་མིག་སྔའི་ཁེ་ལས་ཀྱི་ཕྱོགས་བསྡུས་གཉེར་སྐྱོང་གནས་ཚུལ་གྱི་འབྲས་བུ་ལས་མངོན་དོན། གཉེར་སྐྱོང“ཡག་པོ”ཡོད་པའི་ཁེ་ལས་ཀྱིས་34.4%བཟུང་བ་དང་། “སྤྱིར་བཏང”གིས་52%བཟུང་བ། “ཡག་པོ་མེད་པས”13.6%བཟུང་བ། “ཡག་པོ་ཡོད་པ”དེ“ཡག་པོ་མེད་པ”ལས་བརྒྱ་ཆའི་གྲངས་20.8ཀྱིས་མང་བ་ཡོད། གྲངས་གཞི་དེ་2011ལོ་ཚུན་གྱི་མཐོ་ཤོས་ཡིན་པས་ཁེ་ལས་ཀྱི་མདུན་ལམ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་མཚོན་ཐུབ། ས་ཁུལ་ནས་བལྟས་ན། ཤར་རྒྱུད་ས་ཁུལ་ཁེ་ལས་ཀྱི་མདུན་ལམ་བལྟོས་བཅས་ཀྱིས་ཅུང་ལེགས་ཙམ་དང་། དབུས་རྒྱུད་ས་ཁུལ་འབྲིང་ཙམ། ནུབ་རྒྱུད་ས་ཁུལ་ཅུང་ཞན་ཙམ་བཅས་ཡོད། ལས་རིགས་ནས་བལྟས་ན། ཆ་འཕྲིན་བརྒྱུད་གཏོང་མཉེན་ཆས་དང་། ཆ་འཕྲིན་ལག་རྩལ་ཞབས་ཞུ། སྨན་དང་སྨན་རྫས། རླངས་འཁོར། གློག་རྡུལ་སྒྲིག་ཆས། འཇལ་ཆས་སོགས“ཡག་པོ་ཡོད་པ”དེ“ཡག་པོ་མེད་པ”ལས་བརྒྱ་ཆའི་གྲངས་30ཡན་གྱིས་མང་བ་ཡོད་པ་དང་། ཤོག་བུ་བཟོ་བ་དང་ལྕགས་དང་ངར་ལྕགས་སོགས་ཀྱི་གཉེར་སྐྱོང་གནས་ཚུལ་བལྟོས་བཅས་ཀྱིས་ཞན་ཙམ་ཡོད་པས“ཡག་པོ་ཡོད་པ”དེ“ཡག་པོ་མེད་པ”ལས་བརྒྱ་ཆའི་གྲངས་10ཡིས་ཉུང་བ་ཡོད། ཁེ་སྤོགས་ནས་བལྟས་ན། འདི་ལོའི་ལོ་སྟོད་དུ་ཁེ་སྤོགས་བྱུང་བའི་ཁེ་ལས་ཀྱིས་53.7%བཟུང་བ་དེ་2016ལོ་ལས་བརྒྱ་ཆའི་གྲངས་2.6འཕར་ནས་ཉེ་དུས་ལོ་དྲུག་གི་མཐོ་ཤོས་སུ་སླེབས་པ་དང“གཏོང་ལེན་དོ་སྙོམས”ཀྱིས་26%བཟུང་ཡོད་པ་རེད།
        འབྱུང་འགྱུར་གྱི་སྔོན་དཔག་ཐད། ཁེ་ལས་མཁས་ཅན་ཚོས་སླད་ཕྱིན་ཁྲོམ་རའི་དགོས་མཁོ་བརྟན་པོའི་ངང་འཕར་རྒྱུ་དང་། རིན་གོང་འཕར་བའི་རྣམ་པ་རྒྱུན་འཁྱོངས་བྱ་རྒྱུ། མི་སྤྱོད་དགོས་མཁོ་བརྟན་པོའི་ངང་འཕར་རྒྱུ་བཅས་ཡིན་པས་ཁེ་ལས་གཉེར་སྐྱོང་གི་མདུན་ལམ་སྤྱིའི་ཆ་ནས་བཟང་པོ་ཡོད་པ་དང་། འབྲས་བུ་དེ་ཁྲོམ་རའི་འབྱུང་འགྱུར་གྱི་དགོས་མཁོའི་གནས་ཚུལ་མཚོན་པའི་དངོས་ཟོག་མངགས་ཉོའི་གྲངས་གཞིའི་ཐད་ནས་མངོན་པའི་ངོས་འཛིན་བྱས། བརྟག་དཔྱད་ལས་མངོན་དོན། མིག་སྔར་དངོས་ཟོག་མངགས་ཉོ“རྒྱུན་གཏན”ཡིན་པའི་ཁེ་ལས་ཀྱིས་60.4%བཟུང་བ་དང་། “རྒྱུན་གཏན་ལས་མཐོ་བས”11.4%བཟུང་བ། དེ་གཉིས་ཟླ་སྒྲིལ་བཏང་ཚེ། 2016ལོ་ལས་བརྒྱ་ཆའི་གྲངས་17.7འཕར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།