འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་མཐོ་སློབ་15གོ་ལ་ཧྲིལ་པོའི་སློབ་ཐོན་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་འགྲན་རྩོད་ནུས་
    ཤུགས་ཆེ་ཤོས་ཀྱི་སློབ་གྲྭ་150ནང་ཚུད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་18ཉིན། 12:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། དབྱིན་ཇིའི་《ཐའེ་ཝུའུ་ཧྲེ་ཚགས་པར་གྱི་མཐོ་རིམ་སློབ་གསོའི་》ཐོག་གོང་ཚེས་ཉིན་2017ལོའི་གོ་ལ་ཧྲིལ་པོའི་སློབ་ཐོན་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་འགྲན་རྩོད་ནུས་ཤུགས་ཆེ་ཤོས་སློབ་གྲྭའི་བང་རིམ་འགྲེམས་སྤེལ་བྱས་པའི་ནང་ཨ་རིའི་ཅཱ་ཀྲོའུ་རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་གླིང་མུ་མཐུད་ཨང་དང་པོ་ཡིན་པ་རེད། ཀྲུང་གོའི་མཐོ་སློབ་15འགྲན་རྩོད་ནུས་ཤུགས་ཆེ་ཤོས་ཀྱི་སློབ་གྲྭ་150གྲས་སུ་ཚུད་པའི་ནང་ཀྲུང་གོའི་སྐམ་ས་ཆེ་མོའི་སློབ་གྲྭ་7དང་ཀྲུང་གོའི་ཤང་ཀང་དང་ཀྲུང་གོའི་ཐའེ་དབན་ས་ཁུལ་ནས་ཁག་སོ་སོར་སློབ་གྲྭ་4རེ་ཟིན་ནས་དེའི་གྲས་སུ་ཚུད་པའི་སློབ་གྲྭའི་གྲངས་འབོར་དང་ཨང་རིམ་གཉིས་ཀ་ན་ནིང་ལས་འཕར་ཡོད་པ་རེད།
        བང་རིམ་ཐོག་ཨ་རིའི་སློབ་ཆེན་གྱིས་སྔར་བཞིན་ལེགས་ཆ་ཆེ་ཤོས་བཟུང་སྟེ་ཨང་དང་པོ་ནས་བཅུ་པའི་བར་གྱི་གྲལ་གནས་7བཟུང་ཡོད། ཅཱ་ཀྲོའུ་རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་གླིང་དང་། ཧ་ཧྥུའུ་སློབ་ཆེན། ཀོ་ལུན་པི་ཡཱ་སློབ་ཆེན་བཅས་ཀྱིས་ཨང་དང་པོ་ནས་གསུམ་པ་བར་གྱི་གྲལ་གནས་བཟུང་ཡོད། དབྱིན་ཇིའི་ཅན་ཆའོ་སློབ་ཆེན་ཨང་ལྔ་པ་དང་འཇར་མན་གྱི་མུའུ་ཉི་ཧེ་བཟོ་ལས་སློབ་ཆེན་ཨང་བརྒྱད་པ་ཡིན་པ་དང་། རི་པིན་ཏུང་ཅིང་སློབ་ཆེན་ཨང་དགུ་པར་སླེབས་ནས་ཨེ་ཤེ་ཡའི་མཐོ་སློབ་ཁྲོད་ཀྱི་ཨང་དང་པོ་ཡིན་པ་རེད།
         ཀྲུང་གོའི་མཐོ་སློབ་ཁྲོད་ཤང་ཀང་ཚན་རྩལ་སློབ་ཆེན་གོ་ལ་ཧྲིལ་པོའི་ཨང་བཅུ་གཉིས་པར་སླེབས་པ་དེ་ཨེ་ཤེ་ཡའི་ཨང་གཉིས་པ་དང་། པེ་ཅིང་སློབ་ཆེན་གོ་ལ་ཧྲིལ་པོའི་ཨང་བཅུ་བཞིར་སླེབས་པ་དེ་ཨེ་ཤེ་ཡའི་ཨང་གསུམ་པ། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གོ་ལ་ཧྲིལ་པོའི་ཨང་30སླེབས་ཡོད། དེ་བཞིན་གོ་ལ་ཧྲིལ་པོའི་སློབ་གྲྭ་རྩེ་གྲ་150ནང་ཚུད་པའི་ཀྲུང་གོའི་མཐོ་སློབ་ད་དུང་ཧྥུའུ་ཏན་སློབ་ཆེན་དང་། ཆིང་ཧྭ་སློབ་ཆེན། ཐའེ་དབན་ཚན་རྩལ་སློབ་ཆེན། ཤང་ཀང་སློབ་ཆེན། ཤང་ཀང་རྒྱ་ཡིག་སློབ་ཆེན། ཀྲེ་ཅང་སློབ་ཆེན། ནན་ཅིང་སློབ་ཆེན། ཐའེ་དབན་སློབ་ཆེན། ཀྲུང་གོ་ཚན་རྩལ་སློབ་ཆེན། ཤང་ཀང་གྲོང་ཁྱེར་སློབ་ཆེན། ཐའེ་དབན་ཆིང་ཧྭ་སློབ་ཆེན། ཐའེ་དབན་འགྲིམ་འགྲུལ་སློབ་ཆེན་བཅས་ཚུད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།