འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།གཅིག་སེམས་གཅིག་གཏད་ཀྱིས་སྒྲོག་འགྲེལ་དང་མང་ཚོགས་དང་འབྲེལ་འའདྲིས་ཀྱིས་གསར་
    གཏོད་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་18ཉིན། 12:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། “ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་གྲོང་གསེབ་ཀྱི་སྲིད་ཇུས་ཇེ་ལེགས་སུ་འགྲོ་རྒྱུར་ང་ལ་ཡིད་ཆེས་ཡོད” ཚང་མས་ངེས་པར་དུ་སྒུག་བརྟེན་སློང་གསུམ་གྱི་བསམ་བློ་གཏན་འགོག་བྱེད་དགོས། ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་འབད་བརྩོན་ཆེན་པོས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་ན་དབུལ་སྒྲོལ་བྱེད་རྒྱུ་ནི་དཀའ་ཚེགས་ཆེ་བའི་དོན་དག་ཅིག་མིན། སྟོན་མཇུག་དང་དགུན་སྟོད་དུ་ཡུན་ནན་ཏེ་ཧུང་ཏའེ་རིགས་ཅིང་ཕོ་རིགས་རང་སྐྱོང་ཀྲོའུ་ལེང་ཧོ་རྫོང་པང་ཀའེ་གྲོང་ཚོར་ལོ་ལེགས་ཀྱི་རྣམ་པས་ཁེངས། རྣང་མའི་སྟེང་གྲོང་མི་རྣམས་ཀྱིས་པེ་ཅིང་ནས་ལོག་མ་ཐག་པའི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་པང་ཀའེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚའོ་ཁྲུན་ཡེ་ལ་བསྐོར་ནས་ཁོང་གིས་དྲིལ་བསྒྲགས་བྱེད་པའི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཉན་བཞིན་མཆིས།
        “དུས་རབས་གསར་པ་ཞེས་པར་གོ་བ་ཇི་ལྟར་ལེན་དགོས”ཞེས་པ་དང“གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར་ཇི་ལྟར་བྱས་ཏེ་དར་རྒྱས་གཏོང་དགོས་སམ”ཞེས་ལ་ཚའོ་ཁྲུན་ཡེ་གྲོང་སྣེ་དང་གྲོང་སྨད་དང་། ཞིང་ནང་དང་མུ་ཁར་བསྐྱོད་དེ་ཞིང་ལས་ཀྱི་བར་གསེང་དུ་མི་རིགས་ཁག་གི་སྤུན་ཟླ་ཚོར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བརྒྱུད་བསྒྲགས་བྱེད་པ་དང་། ཁྱིམ་ཚང་གི་འཚོ་བའི་གནས་ཚུལ་གླེང་ནས་ཡུལ་མི་ཚོ་འཕེལ་རྒྱས་དང་ཕྱུག་འགྱུར་ཡོང་ཆེད་ཐབས་དང་ཇུས་བཏོན་པ་རེད།
        ཡུན་ལིང་ས་གཞི་ཆེ་མོར་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་ཚ་རླབས་ཤིག་འཕྱུར་བཞིན་ཡོད། ཟླ་11པའི་ཟླ་སྟོད་ནས་ཟླ་12པའི་ཟླ་དཀྱིལ་བར་ཡུན་ནན་གྱིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་གཞི་ཁྱོན་ཆེ་བའི་གཅིག་སྡུད་སྒྲོག་འགྲེལ་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་། ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་བ། སྒྲོག་འགྲེལ་གྱི་འཇོན་ཐང་ཆེ་བ་བཅས་ཀྱི་འགོ་ཁྲིད་ལས་བྱེད་པ་དང་། ཚོགས་ཆེན་བཅུ་དགུ་པའི་འཐུས་མི། རིགས་གཅིག་མཁས་ཅན་དང་མཁས་དབང་འབོར་ཆེན་ལས་སྒྲོག་འགྲེལ་ཚོགས་པ་ཞིག་བཙུགས་ཏེ་ཀྲོའུ་དེའི་གྲོང་ཁྱེར་16དང་། ལས་ཁུངས། ཁེ་ལས། མཐོ་སློབ་བཅས་སུ་བསྐྱོད་དེ་དཔེ་སྟོན་རང་བཞིན་གྱི་གཅིག་སྡུད་སྒྲོག་འགྲེལ་བྱས་པ་རེད།
        ཟླ་11ཚེས་2ཉིན་རི་མོ་བྲིས་ནས་གཏམ་རྒྱུད་ཤོད་པ་དང་། སྙན་ངག་གྱེར་འདོན། དགོད་བྲོ་བའི་ལག་ཤེས་རོལ་རྩེད་ལ་སོགས་ཀྱི་གསོན་ཉམས་ལྡན་པའི་སྒྲོག་འགྲེལ་བྱེད་སྒོ་ཞིག་ཁུན་མིང་ཧྲུའུ་ལིན་སློབ་ཆུང་གཉིས་པར་སྤེལ་བ་དང་། ཡུན་ནན་དགེ་འོས་སློབ་ཆེན་གྱི་སློབ་མའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་རྣམས་ཀྱིས་རྣམ་པ་སྣ་ཚོགས་ལ་བརྟེན་ནས་ཕྲུ་གུ་ཚོར་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་འགྲེལ་བཤད་བརྒྱབ་པ་རེད། 
        ཏེ་ཧུང་གིས་མཐའ་མཚམས་མི་རིགས་ས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་ས་ཁུལ་ཁག་གིས་མི་རིགས་ཀྱི་སྐད་སྤྱོད་པའི་སྒྲོག་འགྲེལ་ཡན་ལག་རུ་ཆུང་སྒྲིག་འཛུགས་བྱས་ཏེ་ཁེ་ལས་དང་། གྲོང་གསེབ། ལས་ཁུངས། སློབ་གྲྭ སྡེ་ཁུལ། མཐའ་མཚམས་གྲོང་སྡེ། དྲ་ཚིགས་བཅས་སུ་བསྐྱོད་དེ་དམངས་དབྱེ་ཅན་དང་། ཁ་གཏད་ཅན། མཉམ་འགུལ་ཅན་བཅས་ཀྱི་སྒྲོག་འགྲེལ་བརྒྱུད་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དུད་ཚང་ཁྲི་སྟོང་མང་པོར་དྲིལ་བསྒྲགས་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།