འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།དུད་ཚང་དབུལ་པོའི་བུ་ཕྲུག་སོགས་མི་སྣ་རིགས་ལྔ་ལ་ལས་རིགས་གསོ་སྦྱོང་གི་ཁ་གསབ་འཐོབ་
    རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་18ཉིན། 12:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ལས་ཞུགས་ཀྱི་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱས་ནས་ལས་ཞུགས་ཀྱི་ཁ་གསབ་མ་དངུལ་གྱི་དོ་དམ་ཚད་ལྡན་དུ་གཏོང་བ་དང་མ་དངུལ་སྤྱོད་པའི་ཕན་འབྲས་ལེགས་སུ་གཏོང་ཆེད། ཉེ་ཆར་ནོར་སྲིད་པུའུ་དང་མི་སྤྱི་པུའུ་ཡིས་《ལས་ཞུགས་ཀྱི་ཁ་གསབ་མ་དངུལ་དོ་དམ་གྱི་གནས་སྐབས་ལག་བསྟར་བྱེད་ཐབས་》བཟོས་ནས་པར་འགྲེམས་བྱས་ཏེ་དུད་ཚང་དབུལ་པོའི་བུ་ཕྲུག་སོགས་མི་སྣ་རིགས་ལྔ་ལ་ལས་རིགས་གསོ་སྦྱོང་གི་ཁ་གསབ་འཐོབ་རྒྱུ་ཡིན་ལུགས་ཁ་གསལ་བཟོས་པ་རེད།
         ལས་རིགས་གསོ་སྦྱོང་གི་ཁ་གསབ་ལོངས་སུ་སྤྱོད་ཆོག་པའི་མི་སྣའི་ནང་དུད་ཚང་དབུལ་པོའི་བུ་ཕྲུག་དང་། སློབ་ཐོན་ལོ་འཁོར་གྱི་མཐོ་སློབ་སློབ་ཐོན་སློབ་མ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མུ་མཐུད་སློབ་རིམ་འཕར་མེད་པའི་ལོ་དེ་རང་གི་དམའ་རིམ་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ། གྲོང་གསེབ་ཀྱི་ལས་ཞུགས་གཞན་སྒྱུར་གྱི་ངལ་རྩོལ་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་འགོད་ལས་ཤོར་མི་སྣ་(གཤམ་དུ་མི་སྣ་རིགས་ལྔ་ཞེས་བསྡུ་རྒྱུ)བཅས་དང་དེ་བཞིན་ཆ་རྐྱེན་དང་མཐུན་པའི་ཁེ་ལས་ཀྱི་ལས་བཟོ་བཅས་ཚུད་ཡོད།
        བརྡ་ཐོའི་ནང་ཁ་གསལ་བཟོས་དོན། ཐོག་མར་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་གཉེར་བའམ་ཡང་ན་མི་སྒེར་ཚོང་གཉེར་གྱི་ལས་ལ་གཞོལ་ཁར་གཉེར་བའི་ཁེ་ལས་སམ་ཡང་ན་མི་སྒེར་བཟོ་ཚོང་དུད་ཚང་གིས་བཟོ་ཚོང་ཐོ་འགོད་བྱས་ཉིན་ནས་བཟུང་རྒྱུན་གཏན་ལས་གཉེར་ལོ་1ཡན་བྱས་པའི་སློབ་གྲྭ་ནས་བྲལ་ཏེ་ལོ་2ནང་ཚུན་གྱི་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་དང་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣའི་རིགས་ལ། ཚོད་ལྟ་བྱ་ཡུལ་གྱིས་སྤྲོད་ཐེངས་གཅིག་གི་ལས་གཏོད་ཁ་གསབ་སྤྲོད་རྒྱུ་ཡིན། སློབ་ཐོན་ལོ་འཁོར་དུ་ལས་ཞུགས་དང་ལས་གཏོད་ཀྱི་བསམ་འདུན་ཡོད་ཁར་ལས་འཚོལ་ལས་གཏོད་ཧུར་ཐག་བྱེད་པའི་མ་མཐའི་འཚོ་བ་འགན་ལེན་གྱི་ཁྱིམ་ཚང་དང་། དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་དབུལ་པོ། ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོ་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་བཅས་ཁྲོད་ཀྱི་མཐོ་སློབ་ཀྱི་སློབ་ཐོན་སློབ་མ། དབང་པོ་སྐྱོན་ཅན་དང་དེ་བཞིན་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་ཐོབ་པའི་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་བཅས་ལ་སྤྲོད་ཐེངས་གཅིག་གི་ལས་འཚོལ་ལས་གཏོད་ཀྱི་ཁ་གསབ་སྤྲོད་རྒྱུ་ཡིན།
         ལས་ཞུགས་ཀྱི་ལྟ་སྦྱོང་ཁ་གསབ་ལོངས་སུ་སྤྱོད་པའི་མི་སྣ་ནི་སློབ་གྲྭ་ནས་ཁ་བྲལ་ཏེ་ལོ་2ནང་ཚུན་དུ་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་ཡིན་པ་དང་། གཞན་ཡང་། དཀའ་ཚེགས་ཆེ་བའི་ཐག་རིང་ས་ཁུལ་དང་། བཟོ་ལས་རྟེན་གཞི་རྙིང་པ། རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་བཅས་ཀྱིས་སློབ་གྲྭ་ནས་ཁ་བྲལ་ཏེ་ལོ་2ནང་ཚུན་ལས་ཞུགས་ཐུབ་མེད་པའི་འབྲིང་རིམ་ལས་རིགས་ལག་རྩལ་གྱི་སློབ་ཐོན་སློབ་མའི་བར་རྒྱ་བསྐྱེད་བྱེད་ཆོག གོང་གསལ་མི་སྣ་བསྐོངས་ནས་ལས་ཞུགས་ལྟ་སྦྱོང་ནང་ཞུགས་པའི་ཚན་པར་ཚད་གཞི་ངེས་ཅན་གྱི་ལས་ཞུགས་ལྟ་སྦྱོང་གི་ཁ་གསབ་སྤྲོད་པ་དེ་ལྟ་སྦྱོང་ཚན་པས་ལྟ་སྦྱོང་མི་སྣའི་ལྟ་སྦྱོང་རིང་གི་གཞི་རྩའི་འཚོ་བའི་གྲོན་དངུལ་སྤྲོད་པ་དང་། ལྟ་སྦྱོང་མི་སྣར་མི་ལུས་ལ་བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་བཅོལ་གཉེར་བ། དེ་བཞིན་ལྟ་སྦྱོང་མི་སྣར་མཛུབ་ཁྲིད་དང་དོ་དམ་བྱས་པའི་ཐད་ཀྱི་གྲོན་དངུལ་སྤྲོད་པ་བཅས་ཀྱི་ཐད་སྤྱོད་རྒྱུ་རེད། ལྟ་སྦྱོང་དུས་ཡུན་གཙང་རྗེས་ལྟ་སྦྱོང་མི་སྣ་དེ་གར་མུ་མཐུད་ལས་ལ་གཞོལ་ཚད་50%ཡན་ཟིན་པའི་ཚན་པར་ལྟ་སྦྱོང་གི་ཁ་གསབ་ཚད་གཞི་མཐོ་རུ་འོས་འཚམ་གཏོང་ཆོག་གི་ཡོད་པ་རེད།
        བརྡ་ཐོའི་ནང་ཁ་གསལ་བཟོས་དོན། སྤྱི་ཕན་རང་བཞིན་གྱི་ལས་གནས་ཁ་གསབ་ལོངས་སུ་སྤྱོད་པའི་མི་སྣ་ནི་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣ་ཡིན་ལ་གཙོ་གནད་ནི་ལོ་ན་མཐོ་བའི་ལས་ཤོར་མི་སྣ་དང་ལས་ཞུགས་གཅིག་ཀྱང་ཐུབ་མེད་པའི་ཁྱིམ་ཚང་གི་མི་སྣ་ཡིན། སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་བྱས་པའི་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣར་ལས་གནས་ཀྱི་ཁ་གསབ་སྤྲོད་རྒྱུ་དང་། ཁ་གསབ་ཀྱི་ཚད་གཞི་ནི་ཡུལ་དེ་གའི་གླ་ཆའི་ཚད་གཞི་དམའ་ཤོས་ལྟར་ལག་བསྟར་བྱེད་དགོས། ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣ་བབ་བསྟུན་ལས་ཞུགས་ཐུབ་རྗེས་འཇལ་བའི་སྤྱི་ཚོགས་འགན་བཅོལ་གྱི་གྲོན་དངུལ་ཐད། གྲངས་འབོར་ངེས་ཅན་གྱི་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་སྤྲོད་རྒྱུ་མ་ཟད། རྩ་དོན་ཐོག་ཁ་གསབ་ཚད་གཞི་ནི་དེས་དངོས་སུ་འཇལ་བའི་གྲོན་དངུལ་གྱི་2/3ལས་བརྒལ་མི་རུང་། ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣའི་སྤྱི་ཚོགས་འགན་བཅོལ་ཁ་གསབ་ཀྱི་དུས་བཀག་ནི་ཁྲིམས་གཏན་འཁེལ་བའི་ལས་འཁྱུར་ངལ་གསོ་རྒྱག་པའི་ལོ་ཚད་ལོ་5ཙམ་ལས་མེད་པའི་ལས་ཞུགས་ཀྱི་དཀའ་ངལ་ཡོད་པའི་མི་སྣས་ལས་འཁྱུར་ངལ་གསོའི་ལོ་ཚད་བར་ཇེ་རིང་དུ་གཏོང་ཆོག་པ་ཕུད། དེ་བྱིངས་ཀྱི་མི་སྣར་རིང་ཤོས་ལའང་ལོ་3ལས་བརྒལ་མི་རུང་།
        བརྡ་ཐོའི་ནང་ནན་བཤད་བྱས་དོན། ལས་ཞུགས་ཀྱི་ཁ་གསབ་མ་དངུལ་དེ་གཞུང་ལས་ཁང་འཛུགས་སྐྲུན་དང་། ལས་བཟོའི་ཉལ་ཁང་འཛུགས་སྐྲུན། འགྲིམ་འགྲུལ་ཡོ་བྱད་ཉོ་བ། ལས་སྒྲུབ་མི་སྣར་སྤྲོད་པའི་ཕོགས་སྣོན་ཁ་གསབ། “གཞུང་གྲོན་གསུམ” ཀུན་ཕན་དངུལ་རྩའི་ལས་གཏོད་ཁག་ཐེག་དངུལ་བུན་གྱི་སྐྱེད་ཀ་དང་ཁ་གསབ་ལས་གཏོད་ཀྱི་ཁག་ཐེག་དངུལ་བུན་ཚད་གཞི་སོགས་རྣམ་གྲངས་ཀྱི་གཏོང་སྒོ་བཅས་ཀྱི་ཐད་སྤྱོད་མི་རུང་།
      

    ཕྱོགས་བསྡུས་གསར་འགྱུར།