འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཞིབ་འཇུག་མི་སྣས་སྐྲན་འགོག་སྨན་ཞིག་གིས་ཁྲག་དམར་ནད་བཅོས་ཐུབ་པ་ཤེས་
    རྟོགས་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་18ཉིན། 12:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲེ་ཅང་སློབ་ཆེན་གསོ་རིག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཝང་ཧྥུའུ་ཏི་དང་མིན་ཅུན་ཞྭ་ཚོགས་པས་སྐྲན་འགོག་རིགས་ཀྱི་སྨན“ཨེན་ཐི་ནུའོ་ཐེས”མཆིན་པའི་གྲུབ་ཆའི་ཁྲོད་ཀྱི་ལྕགས་ཀྱི་གཞི་རྒྱུ་མང་དྲགས་པའི་གནད་དོན་ཞི་ལྷོད་དུ་བཏང་ནས་ཁྲག་དམར་ནད་སོགས་ལྕགས་ཀྱི་གཞི་རྒྱུ་མང་དྲགས་པའི་ནད་གཞི་བཅོས་ཐུབ་ཀྱི་ཡོད་པ་ཤེས་རྟོགས་བྱུང་བ་རེད།
        འབྲེལ་ཡོད་ཞིབ་འཇུག་བྱས་འབྲས་ཉེ་ཆར་གྱི་སྐྱེ་དངོས་གསོ་རིག་ཁྱབ་ཁོངས་ཀྱི་གྲགས་ཅན་དུས་དེབ་དང་ཨ་རིའི་《དབྱང་འགོག་བྱེད་རྫས་དང་དབྱང་འགྱུར་སོར་ཆུད་བརྡ་རྟགས་》ཞེས་པའི་དུས་དེབ་ཐོག་འཁོད་ཡོད་པ་རེད།
        “རྒྱུད་ཁྲིད་རང་བཞིན་གྱི་ཁྲག་དམར་ནད་ནི་མིའི་ལུས་པོའི་དབང་པོ་མང་ཆེ་བར་ལྕགས་ཀྱི་གཞི་རྒྱུ་མང་དྲགས་ནས་ཐོན་པའི་རྒྱུད་ཁྲིད་རང་བཞིན་གྱི་ནད་གཞི་ཞིག་ཡིན”དཔྱད་རྩོམ་གྱི་རྩོམ་པ་པོ་ཝང་ཧྥུའུ་ཏིས་ཁྲག་དམར་ནད་པར་མཆིན་པ་དང་། སྙིང་། གཤེར་མ་སོགས་དབང་པོ་གལ་ཆེ་བར་ལྕགས་ཀྱི་གྱེས་རྡུལ་སྙིགས་གསོག་ཐེབས་ནས་དབང་པོར་གནོད་འཚེ་ཕོག་པའི་ནད་རྟགས་ཐོན་གྱི་ཡོད། མིག་སྔའི་སྨན་བཅོས་བྱེད་ཐབས་ནི་གཏར་ཁ་རྒྱག་པ་དང་ལྕགས་ཨའོ་འདྲེས་སྦྱོར་སྨན་རྫས་གཏོང་རྒྱུ་དེ་ཡིན། འོན་ཀྱང་དེ་གཉིས་ལ་ཞོར་སྐྱོན་ངེས་ཅན་ཞིག་ཡོད་ཅེས་ངོ་སྤྲོད་བྱས།
      

    ཕྱོགས་བསྡུས་གསར་འགྱུར།