འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།གོ་ལ་ཧྲིལ་པོའི་བློ་རིག་གྲོང་ཁྱེར་གྱི་དངོས་མང་སྟོན་ཚོགས་ཐོག"ཀྲུང་གོའི་ཐག་གཅོད་ཇུས་
    གཞི"བཏོན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་18ཉིན། 12:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 2017ལོའི་གོ་ལ་ཧྲིལ་པོའི་བློ་རིག་གྲོང་ཁྱེར་གྱི་དངོས་མང་སྟོན་ཚོགས་ཚེས་14ཉིན་ནས་16ཉིན་བར་སི་ཕེན་གྱི་གྲོང་ཁྱེར་པ་སེ་ལོ་ནའི་ཚོགས་འགྲེམས་ལྟེ་གནས་སུ་འཚོགས་པར་འཛམ་གླིང་ས་གནས་ཁག་གི་ཚོང་དུད་675ཞུགས་ཡོད། སྟོན་ཚོགས་ནང་ཀྲུང་གོའི་ཁེ་ལས་ཀྱིས་གོ་ལ་ཧྲིལ་པོའི་བློ་རིག་གྲོང་ཁྱེར་གྱི་འཕེལ་རྒྱས་ཐད“ཀྲུང་གོའི་ཐག་གཅོད་ཇུས་གཞི”བཏོན་པ་རེད།
        ཧྭ་ཝེ་ནི་སྐབས་འདིའི་དངོས་མང་སྟོན་ཚོགས་ནང་ཞུགས་པའི་ཁེ་ལས་གཙོ་བོའི་གྲས་ཤིག་ཡིན་ཞིང་། ལོ་30ལྷག་ཙམ་གྱི་ཆ་འཕྲིན་ལག་རྩལ་གྱི་ཉམས་མྱོང་དང་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་མཉམ་ལས་རོགས་ཟླའི་ཁེ་ལས་400ལྷག་ཙམ་གྱི་རྒྱབ་སྐྱོར་ལ་བརྟེན་ནས་ཧྭ་ཝེ་དེ་ཉིད་ཐོན་རྫས་དང་ལག་རྩལ་ཁོ་ན་འདོན་པ་ནས་བློ་རིག་གྲོང་ཁྱེར་གྱི་སྒེར་ཁྱད་ལྡན་པའི་ཐག་གཅོད་ཇུས་གཞི་འདོན་མཁན་ལ་གྱུར་ཡོད།
        ཧྲན་ཏུང་ཞིང་ཆེན་ཝུའེ་ཧྥང་གྲོང་ཁྱེར་ནི་ཧྭ་ཝེ་དང“བློ་རིག་གྲོང་ཁྱེར”མཉམ་ལས་བྱེད་མཁན་གྱི་གྲོང་ཁྱེར་གྲས་ཤིག་ཡིན་ཞིང་། ཝུའེ་ཧྥང་གིས་ཉེན་དོན་དང་། འགྲིམ་འགྲུལ། དམངས་འཚོ། ཐོན་ལས་བཅས་ཁྱབ་ཁོངས་བཞིའི་ནང་རིག་ནུས་ཅན་གྱི་དོ་དམ་ཁྱབ་གདལ་བཏང་ནས་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་རྒྱུན་གཏན་གྱི་ལས་དོན་སྣ་ཚོགས་ཐག་གཅོད་བྱེད་པར་ཚན་རིག་དང་མཐུན་པ་དང་གནད་ལ་འཕིགས་པའི་མཛུབ་ཁྲིད་བྱས་ཡོད།
        སྟོན་ཚོགས་ནང་ཞུགས་མཁན་ཀྲུང་ཤིང་ཀུང་སིའི་སྤུས་རྟགས་ཇུས་འགོད་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་ཐུང་ཧྥན་གྱིས“ཀྲུང་ཤིང་གི་བློ་རིག་གྲོང་ཁྱེར་རྣམ་གྲངས་ལ་ཁ་ཕྱོགས་ཆེན་པོ་བཞི་ཡོད་དེ། 5Gལག་རྩལ་ལ་བརྟེན་པའི་སྦྲེལ་མཐུད་ཆེ་མོ་དང་། གྲངས་གཞི་ཆེ་མོར་བརྟེན་པའི་རིག་ནུས་ཆེ་མོ། དུས་བདེའི་གྲོང་ཁྱེར་བསྐྲུན་ཆེད་ཀྱི་བདེ་འཇགས་ཆེ་མོ། སྒོ་དབྱེ་མཉམ་ལས་ཀྱི་སྙིང་སྟོབས་རྒྱུན་འཛིན་གྱི་སྣོད་བཅུད་ཆེ་མོ་བཅས་རེད། གློག་རྡུལ་སྲིད་དོན་དང་། གློག་ཤུགས་ལས་རིགས་གྲངས་གཞི་ཅན། གྲོང་ཁྱེར་གྱི་གྲངས་གཞི་འཁོར་རྒྱུག ཟོག་སྦྲེལ་ལས་སྟེགས་སོགས་ཀྱི་ཁྱབ་ཁོངས་སུ་ཀྲུང་ཤིང་ལ་འགྲན་རྩོད་ཀྱི་ལེགས་ཆ་ལྡན་ཡོད་པས་ད་ཐེངས་ཀྱི་སྟོན་ཚོགས་ནང་ཞུགས་པ་ནི་ཁྱབ་རྒྱ་དེ་བས་ཆེ་བའི་རྒྱལ་སྤྱིའི་ཁྲོམ་ར་བརྩོན་ལེན་བྱ་ཆེད་ཡིན”ཞེས་གསར་འགོད་པར་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།