འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་ཐང་ཆེན་ཞབས་བྲོའི་ལུས་སྦྱོང་བྱེད་སྒོ་སྔར་བས་ཚད་ལྡན་
    དུ་གཏོང་དགོས་པའི་བརྡ་ཐོ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་16ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་13ཉིན་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་《ཐང་ཆེན་ཞབས་བྲོའི་ལུས་སྦྱོང་བྱེད་སྒོ་སྔར་བས་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་བརྡ་ཐོ་》(གཤམ་དུ་བརྡ་ཐོ་ཞེས་བསྡུ་རྒྱུ)བཏང་བའི་དམིགས་ཡུལ་ནི། ཐང་ཆེན་ཞབས་བྲོའི་ལུས་སྦྱོང་བྱེད་སྒོ་སྔར་བས་ཚད་ལྡན་དུ་བཏང་ནས་མིག་སྔའི་ཐང་ཆེན་ཞབས་བྲོའི་ལུས་སྦྱོང་བྱེད་སྒོའི་ཁྲོད་གནས་པའི་གནས་ཚུལ་མངོན་གསལ་དོད་རིགས་ཐག་གཅོད་བྱེད་པ་དང་རིམ་ཁག་ལུས་སྦྱོང་སྡེ་ཚན་གྱིས་ཐང་ཆེན་ཞབས་བྲོའི་ལུས་སྦྱོང་བྱེད་སྒོར་སྐུལ་འདེད་གཏོང་རྒྱུ་འགན་ལེན་བྱས་ནས་རྒྱབ་སྐྱོར་དང་ཞབས་འདེགས་ཞུ་ཤུགས་ཆེ་རུ་བཏང་སྟེ་འཕེལ་རྒྱས་ཡག་པོ་འགྲོ་རྒྱུར་ཁྲིད་སྟོན་བྱ་ཆེད་ཡིན་པ་རེད།
         《བརྡ་ཐོའི་》ནང་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་དེ་བཞིན་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ལུས་རྩལ་ཅུས་ཀྱིས་རང་འགུལ་ངང་ལས་དོན་ཧུར་ཐག་སྤེལ་ཏེ་ཐང་ཆེན་ཞབས་བྲོའི་བྱེད་སྒོའི་ཁྲོད་གནས་པའི་གནད་དོན་མངོན་གསལ་དོད་རིགས་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཞིབ་ཕྲའི་བླང་བྱ་ཁག་བཞི་ལ་དབྱེ་བའི་ནང་བྱ་ཐབས་སྣ་མང་གི་ཐོག་ནས་ཐང་ཆེན་ཞབས་བྲོའི་ལུས་སྦྱོང་བྱ་ཡུལ་མཁོ་སྤྲོད་བྱེད་མང་དུ་གཏོང་བ་དང་། ཐང་ཆེན་ཞབས་བྲོའི་ལུས་སྦྱོང་བྱེད་སྒོའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ཐང་ཆེན་ཞབས་བྲོའི་ལུས་སྦྱོང་བྱེད་སྒོའི་རྩ་འཛུགས་དང་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། ཐང་ཆེན་ཞབས་བྲོའི་ལུས་སྦྱོང་བྱེད་སྒོའི་སྡེ་ཚན་མཉམ་འགུལ་དང་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཚུད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།