འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ནན་ཅིང་དམར་གསོད་ཆེ་མོའི་འདྲི་གཅོད་ཀྱི་ལོ་རྒྱུས་དཔྱད་གཞིའི་ཤོག་དྲིལ་ཆིག་སྟོང་ཙམ་
    ལེགས་སྒྲིག་ཟིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་16ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་14ཉིན“ནན་ཅིང་དུ་དམག་འཁྲུག་གི་ཉེས་ཅན་ལ་འདྲི་གཅོད་བྱེད་པའི་དམག་དོན་ཁྲིམས་རས་ནན་ཅིང་དམར་གསོད་ཆེ་མོའི་གྱོད་གཞིའི་དམག་འཁྲུག་གི་ཉེས་ཅན་ལ་ཡོངས་བསྒྲགས་འདྲི་གཅོད་བྱས་ནས་ལོ་70འཁོར་བར་དྲན་གསོ་བྱེད་པའི་བཞུགས་མོལ་ཚོགས་འདུ”ནན་ཅིང་དུ་འཚོགས་ཤིང་། གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་ལོ་རྒྱུས་ཡིག་ཚགས་ཁང་གཉིས་པའི་དམག་འཁྲུག་གི་ཉེས་ཅན་ཐག་གཅོད་ཨུ་ལྷན་གྱིས་ཡིག་ཚགས་ཤོག་དྲིལ་1074ཉར་ཚགས་བྱས་ཡོད་པ་དང་མིག་སྔར་ལེགས་སྒྲིག་དང་གྲངས་གཞི་ཅན་དུ་རགས་ཙམ་བཟོས་ཟིན་པ་རེད།
         ལོ་རྒྱུས་ཀྱི་དཔྱད་གཞི་འདྲི་གཅོད་བྱེད་པའི་ཁྲོད་དམག་འཁྲུག་གི་ཉེས་ཅན་ཐག་གཅོད་བྱེད་པའི་སྲོལ་ཡིག་ཁག་དང་བྱ་ཐབས་དང་དེ་བཞིན་འདྲི་གཅོད་བརྒྱུད་རིམ་དང་། རི་པིན་དམག་འཁྲུག་གི་ཉེས་ཅན་པའི་མིང་ཐོ། རྒྱང་ཤར་ས་ཁུལ་རྒྱལ་སྤྱིའི་དམག་དོན་ཁྲིམས་ར་སོགས་ཀྱི་འདྲི་གཅོད་དཔྱད་གཞི། རྒྱང་ཤར་ས་ཁུལ་རྒྱལ་སྤྱིའི་དམག་དོན་ཁྲིམས་རས་ནག་ཉེས་བརྟག་དཔྱད་བྱེད་པའི་རྩ་གནད་དང་ཁྲིམས་འཛིན་སྲིད་འཛིན་པུས་རི་པིན་བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོར་བཙན་འཛུལ་བྱས་པའི་ནག་ཉེས་ཀྱི་དཔྱད་གཞི། ཧུའུ་ནན་ཁྲང་ཏེ་དང་ཀྲེ་ཅང་ཅིན་ཧྭ་སོགས་ཀྱིས་རི་པིན་བཙན་རྒྱལ་རིང་ལུགས་ཀྱི་ནག་ཉེས་བརྟག་དཔྱད་བྱེད་པའི་རེའུ་མིག་དང་། ནན་ཅིང་དམར་གསོད་ཆེ་མོའི་སྐབས་དགྲ་བོའི་ནག་ཉེས་བརྟག་དཔྱད་བྱེད་པའི་རེའུ་མིག་སོགས་དམག་འཁྲུག་གི་ནག་ཉེས་དཔྱད་གཞིའི་སྐོར་དང་དེ་བཞིན་ནང་རུལ་པ་དང་རི་པིན་གྱི་དམག་འཁྲུག་ཉེས་ཅན་པ་འཛིན་སྐྱེལ་བྱེད་པ་སོགས་ཀྱི་ཡིག་ཆ་ཚུད་ཡོད་པ་རེད། འདྲི་གཅོད་ཀྱི་ལོ་རྒྱུས་དཔྱད་གཞི་དེ་དག་ལེགས་སྒྲིག་ཟིན་པ་ལས་ནན་ཅིང་འདྲི་གཅོད་ཀྱི་ལོ་རྒྱུས་དཔྱད་གཞི་མི་འདང་བ་ཁ་གསབ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།