འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས"ཁེ་སྐྱོང་སྲུང་སྐྱོབ་སློབ་གྲྭར་
    སྤེལ་བའི"ད་སྒོ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་16ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་11ཉིན། ཧོ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཧོ་ལན་ལྷོ་རྒྱུད་ཀྱི་ལིན་པའོ་ཞིང་ཆེན་གྱི་གྲོང་ཁྱེར་མ་སི་ཐེ་ལི་ཧོ་ཐེར“ཁེ་སྐྱོང་སྲུང་སྐྱོབ་སློབ་གྲྭར་སྤེལ་བ”དང་ས་གནས་ས་ཐོག་ཏུ་གཞུང་དོན་སྒྲུབ་པའི་བྱེད་སྒོ་གཉེར་བ་རེད།
         མ་སི་ཐེ་ལི་ཧོ་ཐེ་སློབ་ཆེན་གྱི་ཀྲུང་གོའི་ཕྱི་སྦྱོང་སློབ་མས་གཉེར་བའི་བཞུགས་མོལ་ཚོགས་འདུའི་ཐོག་གཞུང་ཚབ་ཁང་གི་གཞུང་ཚབ་ཚན་ཙན་ཁྲེང་རི་པེའོ་ཡིས་རང་རྒྱལ་གྱི་ཁེ་སྐྱོང་སྲུང་སྐྱོབ་ལ་འཕྲད་པའི་དུས་བབ་དང་ཧོ་ལན་དུ་ཁེ་སྐྱོང་སྲུང་སྐྱོབ་ལས་དོན་སྤེལ་བའི་སྐོར་ངོ་སྤྲོད་བྱས་ནས“གཞུང་ཚབ་ཁང་ནི་ཀྲུང་གོའི་སྤྱི་དམངས་ཕྱི་རྒྱལ་ལ་སྡོད་སྐབས་ཀྱི་རྒྱབ་རྟེན་དང་ཉེན་གཡོལ་མཚོ་ཁུག་ལྟ་བུ་རེད”ཅེས་ངོ་སྤྲོད་བྱས།
         དེ་ཉིན་ཁེ་སྐྱོང་པུའི་ལས་དོན་པས་ཧོ་ལན་ལྷོ་རྒྱུད་དུ་བྱེས་སྡོད་མཁན་ཀྲུང་གོའི་སྤྱི་དམངས་ལ་ལམ་ཡིག་དང་བདེན་དཔང་ར་སྤྲོད་སོགས་ཀྱི་ལས་སྒོ་200ཙམ་གཉེར་བ་རེད།
         ཧོ་ལན་དུ་བྱེས་སྡོད་ལིན་པའོ་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་སྤྱི་ཁྱབ་ཚོགས་པའི་ཚོགས་གཙོ་གཞོན་པ་ལི་པིན་གྱིས“ད་བར་ཧོ་ལན་གྱི་ལྷོ་རྒྱུད་དུ་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་འཚོ་བ་སྐྱེལ་མཁན་ཁྲི་1ལྷག་ཡོད་པས། གཞུང་ཚབ་ཁང་གིས་གཟའ་མཇུག་ཏུ་ངལ་གསོ་མི་རྒྱག་པར་ས་གནས་ས་ཐོག་ཏུ་གཞུང་དོན་བསྒྲུབས་ཏེ་ཁོང་ཚོར་དངོས་དངོས་རྗེན་རྗེན་གྱི་སྟབས་བདེ་བསྐྲུན་པ་མ་ཟད། ཚང་མར་མེས་རྒྱལ་གྱི་ཐུགས་ཁུར་ཚོར་བ་བྱས་ཡོད”ཅེས་གསར་འགོད་པར་བཤད་བྱུང་།
         བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། 2016ལོར་ཀྲུང་གོ་ནས་ཧོ་ལན་དུ་ཡུལ་སྐོར་བྱེད་མཁན་མི་ཐེངས་ཁྲི་25ཟིན་པ་དང་། ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མི་ཁྲི་15ལས་བརྒལ་བ། ཧོ་ལན་དུ་ཡོད་པའི་ཀྲུང་གོའི་མ་འཇོག་ཁེ་ལས་སྒྲིག་གཞི་500ལྷག་ཟིན་པ། ཕྱི་སྦྱོང་སློབ་མ་9000ལྷག་ཙམ་ཡོད་པས། ཀྲུང་གོ་ཉིད་ཧོ་ལན་གྱི་ཕྱི་སྦྱོང་སློབ་མའི་ཡོང་ཁུངས་རྒྱལ་ཁབ་ཆེ་གྲས་གཉིས་པར་གྱུར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།