འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཇུས་འགོད་པས"ཁང་པའི་ནང་གི་ཇུས་འགོད་མཉམ་འབྲེལ་རྒྱལ་ཁབ"ཀྱི་ཀྲུའུ་
    ཞིའི་འགན་དངོས་སུ་འཁུར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་16ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ནི་ཀྲེ་རི་ཡའི་གྲོང་ཁྱེར་ཆེ་ཤོས་ལ་ཀེ་སི་རུ་གཉེར་བའི་རྒྱལ་སྤྱིའི་ཁང་པའི་ནང་གི་བཟོ་སྐྲུན་པ་དང་ཇུས་འགོད་པའི་ཚོགས་པའི་མནའ་འབྲེལ(IFI)ཚོགས་ཆེན་ཐོག་ཀྲུང་གོའི་ཤང་ཀང་ནས་ཡོང་བའི་བཟོ་སྐྲུན་དང་དེ་བཞིན་ཁང་པའི་ནང་གི་ཇུས་འགོད་པ་ལེའང་ཀྲེ་ཐེན་གྱིས་མནའ་འབྲེལ་དེའི་ཀྲུའུ་ཞིའི་འགན་དངོས་སུ་འཁུར་ནས་གཟི་བརྗིད་མཚན་སྙན་དེ་ཐོབ་མཁན་ཀྲུང་གོ་བ་ཐོག་མ་དེར་གྱུར་ཡོད།
         IFIནི་གོ་ལ་ཧྲིལ་པོའི་ཁང་པའི་ནང་གི་བཟོ་སྐྲུན་པ་དང་ཇུས་འགོད་པའི་དབང་གྲགས་རྩ་འཛུགས་ཤིག་ཡིན་ལ་ཁང་པའི་ནང་གི་བཟོ་སྐྲུན་འཆར་འགོད་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མནའ་འབྲེལ་གཅིག་པུ་དེ་ཡིན་པས“ཁང་པའི་ནང་གི་ཇུས་འགོད་མཉམ་འབྲེལ་རྒྱལ་ཁབ”ཅེས་བརྗོད་ཀྱི་ཡོད།
         ལེའང་ཀྲེ་ཐེན་གྱིས་དེ་ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་གོའི་ཇུས་འགོད་ལ་འཛམ་གླིང་གི་ཁས་ལེན་ཐོབ་འགོ་ཚུགས་པ་དེ་ཀྲུང་གོའི་ཇུས་འགོད་འཛམ་གླིང་དང་སྦྲེལ་མཐུད་ཐུབ་པའི་གོ་སྐབས་ཡག་པོ་ཞིག་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།