འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་ཡིག་དང་དབྱིན་ཡིག་དཔར་མའི་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》
    ཞེས་པའི་དེབ་གཉིས་པ་ཁེ་ཐོ་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ཐོག་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་16ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་རྒྱ་ཡིག་དང་དབྱིན་ཡིག་དཔར་མའི་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དེབ་གཉིས་པ་དཔེ་སྐྲུན་བྱས་མ་ཐག་ཨེ་ཁྭ་ཏོར་གྱི་ལོ་ཉིས་བརྒྱའི་རིག་གནས་ལྟེ་གནས་སུ་སྤེལ་བའི་སྐབས་བཅུ་པའི་ཁེ་ཐོ་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ཐོག་བཏོན་པས། ལས་རིགས་ཁག་དང་རྒྱ་ཆེའི་ཀློག་པ་པོའི་དགའ་བསུ་ཚད་མེད་ཐོབ་ཡོད།
          རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་མངགས་བཅོལ་ལྟར་མི་དམངས་དཔེ་སྐྲུན་ཁང་དང་ཀྲུང་གོ་དཔེ་དེབ་ཕྱིར་གཏོང་ནང་འདྲེན(ཚོགས་པ)སྤྱི་ཁྱབ་ཀུང་སིས་ཚོགས་པ་སྒྲིག་འཛུགས་བྱས་ནས་ད་ཐེངས་ཀྱི་ཁེ་ཐོའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ནང་ཞུགས་ཡོད། དེ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་གྲོལ་རྗེས་ཀྲུང་གོའི་དཔེ་སྐྲུན་ལས་རིགས་ཞུགས་པའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ཐོག་མ་དེ་རེད།
          ཉིན་ཤས་གོང་། ཨེ་ཁྭ་ཏོར་རིག་གནས་ཤུལ་བཞག་པུའི་རྒྱལ་སྤྱི་མཉམ་ལས་སིའི་སི་ཀྲང་ཕ་སི་སྨི་ཉི་ཨའོ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ནི་གུས་བཀུར་ཆེན་པོ་ཐོབ་པའི་ཀྲུང་གོའི་འགོ་ཁྲིད་པ་ཅིག་རེད། ཨེ་ཁྭ་ཏོར་གྱི་ལས་རིགས་ཁག་གིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་ཀྱི་ཀྲུང་གོའི་འཕེལ་རྒྱས་ལམ་བུར་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་ཅེས་བརྗོད་པ་དང་། ཁོང་གིས་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དེབ་ནི་ཨེ་ཁྭ་ཏོར་བས་ཀྲུང་གོའི་འཕེལ་རྒྱས་ཀྱི་འགྲོ་ལམ་དང་འཕེལ་རྒྱས་གཏོང་སྟངས་ཤེས་རྟོགས་བྱེད་པའི་དཔྱད་གཞིའི་ཚད་ལྡན་ཡིག་ཆ་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱས་ཤིང་། ཁོང་གིས་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དེབ(སི་ཕེན་ཡི་གེའི་དཔར་མ་)བལྟས་རྗེས་བློ་སྒོ་ཆེན་པོ་ཕྱེ་བྱུང་། དཔེ་སྐྲུན་འགྲེམས་སྤེལ་བྱས་པའི་སི་ཕེན་ཡི་གེའི་དཔར་མའི་དེབ་གཉིས་པ་མགྱོགས་མྱུར་ལྟ་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད།
         སྐབས་འདིའི་དཔེ་དེབ་འགྲེམས་སྟོན་གྱི་ཀྲུང་གོའི་འགྲེམས་སྟེགས་ཐོག་བརྗོད་དོན་གཙོ་བོའི་དཔེ་དེབ་དང་། སྲོལ་རྒྱུན་རིག་གནས། ཀྲུང་གོའི་རྩོམ་རིག ལོ་ཆུང་བྱིས་པའི་ལྟ་དེབ། སྐད་ཡིག་སློབ་སྦྱོང་སོགས་རིགས་མི་འདྲ་བ་ལྔ་ཡི་དཔེ་དེབ་རྩེ་གྲ་སྣ་ཁ་200ཙམ་འགྲེམས་སྟོན་བྱས་ཡོད་པ་རེད། དེའི་ཁྲོད་དཔེ་སྐྲུན་བྱས་མ་ཐག་པའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཡིག་ཆ་དང་དེ་བཞིན་སློབ་སྦྱོང་ཟུར་ཁྲིད་ལྟ་དེབ་《ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་ཟུར་ཁྲིད་ཀློག་དེབ་》དང་། 《ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་སློབ་སྦྱོང་ཟུར་ཁྲིད་ཀྱི་དྲི་བ་བརྒྱ་པ་》 《སྒྱུར་བཅོས་མཐར་ཕྱིན་པ་བྱེད་དགོས་》 《ཁྲིམས་སྐྱོང་ཀྲུང་གོ་》 《རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་》 《ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་དུ་བསྐྱོད་》ཅེས་པ་སོགས་གལ་ཆེན་བརྗོད་དོན་གཙོ་བོའི་དཔེ་དེབ་ནི་ཕྱི་རྒྱལ་དུ་གཅིག་སྡུད་ངང་འགྲེམས་སྟོན་བྱེད་ཐེངས་དང་པོ་དེ་རེད། ལྷག་དོན་དུ་རྒྱ་ཡིག་དང་དབྱིན་ཡིག་དཔར་མའི《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་གཉིས་པ་དེ་ཀྲུང་གོའི་འགྲེམས་སྟོན་ཚོགས་པའི་བཀྲག་མདངས་འཚེར་སར་གྱུར་པ་མ་ཟད། རྒྱལ་ཁབ་ཁག་གི་འགྲེམས་ཞུགས་ཚོང་པ་དང་དེ་བཞིན་ས་གནས་དེ་གའི་སྨྱན་སྦྱོར་དང་། ཀློག་པ་པོ། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་དོ་ཁུར་བྱ་ཡུལ་དུ་གྱུར་ཡོད། ཨེ་ཁྭ་ཏོར་གྱི་ཀློག་པ་པོ་མི་ཉུང་བ་ཞིག་གིས་ཆེད་མངགས་ཀྲུང་གོའི་དཔེ་དེབ་འགྲེམས་སྟོན་བྱེད་སར་ཡོང་ནས་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དཔེ་དེབ་ཇི་ལྟར་ཉོ་དགོས་ལུགས་བློ་འདྲི་བྱས་ཡོད།
         ཀྲུང་གོའི་དཔེ་སྐྲུན་སྐུ་ཚབ་ཚོགས་པའི་ཚོགས་གཙོ་མི་དམངས་དཔེ་སྐྲུན་ཁང་གི་རྒྱུན་ལས་ཧྲེ་ཀྲང་གཞོན་པ་རེན་ཁྲའོ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ན་ནིང་ཨེ་ཁྭ་ཏོར་དུ་འཚམས་འདྲི་གནང་སྐབས་ཀྲུང་གོ་ཕྱོགས་ཀྱིས་ཨེ་ཁྭ་ཏོར་དུ“ཀྲུང་གོའི་བརྗོད་དོན་གཙོ་བོའི་དཔེ་དེབ་འགྲེམས་ཚོང་ཟླ་བའི”བྱེད་སྒོ་སྤེལ་ནས་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》དང་《ཀྲུང་གོའི་འགྲོ་ལམ་དང་ཀྲུང་གོའི་ཕུགས་འདུན་》སོགས་ཀྲུང་གོའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་མཚོན་པའི་དཔེ་དེབ་རབ་དང་རིམ་པ་གཙོ་གནད་ཐོག་འགྲེམས་སྟོན་བྱས་པར་བརྟེན་ས་གནས་དེ་གའི་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད་ཅེས་བརྗོད་པ་དང་། ཁོང་གིས་ད་ཐེངས་ཀྱི་འགྲེམས་སྟོན་ནང་ཞུགས་པ་བརྒྱུད། ཨེ་ཁྭ་ཏོར་གྱི་ཀློག་པ་པོ་དེ་བས་མང་བས་ཀྲུང་གོའི་རིག་གནས་མྱོང་ཚོར་ཐུབ་རྒྱུ་དང་དུས་རབས་གསར་པར་སླེབས་པའི་ཀྲུང་གོའི་འཕེལ་རྒྱས་ཀྱི་ད་ཡོད་གནས་ཚུལ་ཤེས་རྟོགས་ཐུབ་རྒྱུ་དང་འབྲེལ་ཀྲུང་གོར་སྔར་བས་རྒྱུས་མངའ་ལོན་པ་དང་ཤེས་རྟོགས་ཐུབ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བཤད།
         ཁེ་ཐོ་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ནི་ཨེ་ཁྭ་ཏོར་གྱི་རིག་གནས་དང་ཤུལ་བཞག་པུས་གཙོ་གཉེར་བྱས་པའི་ལ་ཏིང་མེ་གླིང་ས་ཁུལ་གྱི་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་གལ་ཆེན་ཞིག་རེད། ད་ཐེངས་ཀྱི་དཔེ་དེབ་འགྲེམས་སྟོན་ཚེས་10ཉིན་འགོ་ཚུགས་པ་དང་འགྲེམས་སྟོན་ཉིན་10བྱ་རྒྱུ་དང་དཔེ་སྐྲུན་ཁང་དང་། སྲིད་གཞུང་ལས་ཁུངས། འབྲེལ་ཡོད་དཔེ་དེབ་སྒྲིག་གཞི་བཅས་ཚན་པ་70ལྷག་ཙམ་ཞུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།