འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཚན་རིག་མཁས་པས"འགྱིག་སྲབ་མི་དགོས་པའི་སྲིང་བལ"བཏབ་པ་དེས"
    འགྱིག་རྫས་སྦགས་བཙོག"གི་གནད་དོན་རྦད་དེ་ཐག་གཅོད་ཐུབ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་14ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་12ཉིན། རང་རྒྱལ་གྱི་སྲིང་བལ་ཡོན་ཧྲི་གཅིག་པུ་དང་། རྒྱལ་ཁབ་སྲིང་བལ་ཐོན་ལས་ལག་རྩལ་མ་ལག་གི་དབུ་བཞུགས་ཚན་རིག་མཁས་ཅན། ཀྲུང་གོ་ཞིང་ལས་ཚན་རིག་ཁང་སྲིང་བལ་ཞིབ་འཇུག་སུའོ་ཡི་དེ་སྔའི་སུའོ་ཀྲང་བཅས་ཡིན་པའི་ཞིབ་འཇུག་པ་ཡུས་ཧྲུའུ་ཤུན་གྱིས་རུ་སྣེ་འཁྲིད་པའི་ཚན་ཞིབ་སོན་གསོ་ཚོགས་པའི་རུ་ཁག་གིས་ལོ་6འབད་བརྩོན་བྱས་པ་བརྒྱུད། འགྱིག་སྲབ་མི་དགོས་པའི་སྲིང་བལ་གྱི་སོན་གསར་ཏེ“ཀྲུང་གོའི་སྲིང་བལ་619”བཏབ་པས། འགྱིག་སྲབ་སྤྱོད་མི་དགོས་པར་སྲིང་བལ་འདེབས་པར་ཚད་བརྒལ་གལ་ཆེན་བྱུང་ཡོད། དུས་དེ་ནས་བཟུང་རང་རྒྱལ་གྱི་སྲིང་བལ་ལ་འགྱིག་ཤོག་རྦད་དེ་སྤྱོད་མི་དགོས་པའི་རེ་བ་ཡོད་ལ། ལག་རྩལ་གྱི་གསར་བརྗེ་ཞིག་ཀྱང་བསུས་ཡོད།
         སྲིང་བལ་ནི་རང་རྒྱལ་གྱི་དཔལ་འབྱོར་སྐྱེ་དངོས་གཙོ་ཆེ་ཤོས་ཤིག་ཡིན་པ་དང་། ཤིན་ཅང་ནི་རྒྱལ་ཡོངས་ཀྱི་སྲིང་བལ་ཐོན་ཁུལ་གལ་ཆེན་ཤིག་རེད། ལྷག་པར་དུ་ཤིན་ཅང་ལྷོ་རྒྱུད་ཀྱི་སྲིང་བལ་འདེབས་རྒྱ་མུའུ་ཁྲི་2000ཟིན་ནས། ཤིང་ཅང་ཡོངས་ཀྱི་2/3ཙམ་བཟུང་གི་ཡོད། དུས་རབས་གོང་མའི་ལོ་རབས་80ཚུན་སྲིང་བལ་འདེབས་འཛུགས་ཐད་འགྱིག་ཤོག་ལག་རྩལ་ཁྱབ་གདལ་ཤུགས་ཆེན་བཏང་བ་དེས་དྲོད་སྲུང་བརླན་སྲུང་སོགས་ཀྱི་ནུས་པ་ཐོན་པས། སྲིང་བལ་ཐོན་འབོར་ཡང་ཇེ་མཐོར་ཕྱིན་ནས། ཤིན་ཅང་གི་ཞིང་ལས་ཐོན་འབབ་དང་ཞིང་པའི་འབབ་འཕར་ལ་ཕན་འབྲས་ཆེན་པོ་ཐོན་ཡོད་མོད། འོན་ཀྱང་འགྱིག་ཤོག་སྤྱོད་ཚད་རྒྱུན་ཆད་མེད་པར་ཆེ་རུ་སོང་ནས་འགྱིག་སྙིགས་ལས་སྣོད་བཅུད་ཁོར་ཡུག་གི་གནད་དོན་རབ་དང་རིམ་པ་ཐོན་ཏེ་འགྱིག་རྫས་སྦགས་བཙོག་ཏུ་གྱུར་ཡོད།
         2011ལོ་ནས་བཟུང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཡུས་ཧྲུའུ་ཤུན་གྱིས་རུ་སྣེ་འཁྲིད་པའི་ཚན་རིག་ཞིབ་འཇུག་ཚོགས་པས་ཞིང་ལས་པུའུ་དང་ཀྲུང་གོ་བཟོ་སྐྲུན་ཁང་སོགས་འབྲེལ་ཡོད་སྡེ་ཚན་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག འབྲེལ་ཡོད་ཚན་རིག་ཞིབ་འཇུག་ཚན་པ་དང་ཁེ་ལས་སྒྲིག་འཛུགས་བྱས་ཏེ་མཉམ་དུ་ཚོད་ལྟ་དང་མཐུན་སྦྱོར་འགག་སྒྲོལ་བྱས་ནས། ཤིན་ཅང་གི་ལྷོ་རྒྱུད་དུ་འགྱིག་སྲབ་མི་དགོས་པའི་སྲིང་བལ་ཚོད་འདེབས་དཔེ་སྟོན་ཁུལ་ཐོག་མར་བསྐྲུན་པ་དང་འབྲེལ། རྒྱལ་ཁབ་སྲིང་བལ་ཐོན་ལས་ལག་རྩལ་མ་ལག་ལ་བརྟེན་ནས་སྔ་སྨིན་དང་། གྲང་འགོག བ་ཚྭར་འགོག་པ་བཅས་ཀྱི་འགྱིག་སྲབ་མི་དགོས་པའི་སྲིང་བལ་གྱི་སོན་གསར་འདེབས་རྩལ་ཞིབ་འཇུག་གིས་སོན་གསར“ཀྲུང་གོའི་སྲིང་བལ་619”བཏབ་པ་རེད། “ཀྲུང་གོའི་སྲིང་བལ་619”འདེབས་འཛུགས་ཉིན་10ལྷག་ཙམ་ཕྱིར་འགྱངས་ཆོག་པས། དཔྱིད་འདེབས་དུས་ཀྱི་དྲོད་ཚད་དམའ་པོ་གཡོལ་ཐུབ་ཀྱི་ཡོད། སོན་གསར་དེར་སྔ་སྨིན་གྱི་ཁྱད་ཆོས་ལྡན་པ་མ་ཟད། སྟོན་བསྡུའི་སྐབས་ཀྱི་དྲོད་ཚད་དམའ་བ་དང་སད་རྒྱག་པ་སོགས་ཀྱི་གནམ་གཤིས་ངན་པ་ཡང་གཡོལ་ཐུབ་ཀྱི་ཡོད། ཁྱད་ཆོས་དེ་དག་གི་དབང་གིས་འགྱིག་ཤོག་གཡོག་མི་དགོས་པ་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།