འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་འབུད་རྫས་ཨ་རག་ཉིང་ཁུའི་ཐོན་འབབ་ཆེས་ཆེར་འཕར་རེ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་14ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་12ཉིན། ཀྲུང་གོ་ཚན་རིག་ཁང་ཐེན་ཅིན་བཟོ་ལས་སྐྱེ་དངོས་ལག་རྩལ་ཞིབ་འཇུག་སུའོ་དང་ཀྲུང་གོ་ཚན་རིག་ཁང་ཁྲེང་ཏུའུ་ཚད་ལྡན་ཡིག་ཆ་གསང་འཕྲིན་ལྟེ་གནས་ཀྱིས་ཐེན་ཅིན་དུ་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་《ཀྲུང་གོ་བཟོ་ལས་སྐྱེ་དངོས་ལག་རྩལ་གྱི་རྒྱབ་ཤ་དཀར་པོའི་དེབ་དང་ཀྲུང་གོ་སྐྱེ་དངོས་བཟོ་ལས་མ་འཇོག་དབྱེ་ཞིབ་སྙན་ཞུ་2017ལོ་》ཞེས་པའི་ནང་རང་རྒྱལ་གྱི་འབུད་རྫས་ཨ་རག་ཉིང་ཁུ་དང་ལྷག་པར་དུ་མ་རྨོས་ལོ་ཏོག་གི་འབུད་རྫས་ཨ་རག་ཉིང་ཁུའི་ཐོན་འབབ་ཆེས་ཆེར་འཕར་རེ་ཡོད་ཅེས་འཁོད་ཡོད།
         རང་རྒྱལ་ནི་འཛམ་གླིང་ཐོག་སྐྱེ་དངོས་འབུད་རྫས་ཨ་རག་ཉིང་ཁུ་ཐོན་སྐྱེད་རྒྱལ་ཁབ་དང་བཀོལ་སྤྱོད་རྒྱལ་ཁབ་ཆེ་གྲས་གསུམ་པ་ཡིན་པ་དང་2016ལོར་འབུད་རྫས་ཨ་རག་ཉིང་ཁུའི་ཐོན་འབབ་ཏུན་ཁྲི་260ཙམ་ཟིན་གྱི་ཡོད།
         སྙན་ཞུའི་ཐོག་འདས་ཟིན་པའི་ལོ་ཤས་རིང་རང་རྒྱལ་གྱི་འབུད་རྫས་ཨ་རག་ཉིང་ཁུའི་ལས་རིགས་ཀྱི་གཞི་ཁྱོན་དེ་འབྲུ་རིགས་ཐོན་སྐྱེད་དང་མ་རྨོས་ལོ་ཏོག་མཛོད་ཉར་གྱི་ཚོད་འཛིན་ཕོག་ནས་ཐོན་སྐྱེད་ནུས་ཤུགས་རིམ་བཞིན་ཆག་ཡོད་ཅེས་འཁོད་ཡོད།
         སྙན་ཞུའི་ནང་དེང་སྐབས་ཀྲུང་གོའི་མ་རྨོས་ལོ་ཏོག་ཏུན་དུང་ཕྱུར་2ལྷག་ཙམ་མཛོད་ཉར་བྱེད་དགོས་ཀྱང་མཛོད་ཉར་འཕྲི་བའི་ཐབས་ལམ་ནུས་ལྡན་གྲས་ཤིག་ཡིན་པའི་ཨ་རག་ཉིང་ཁུའི་ལས་རིགས་སླར་ཡང་འཕེལ་རྒྱས་འགྲོ་རྒྱུ་ཡིན་པའི་ངོས་འཛིན་བྱས་ཡོད།
         སྙན་ཞུའི་ནང་སྐྱེ་དངོས་འབུད་རྫས་ཨ་རག་ཉིང་ཁུར་སླད་ཕྱིན་དེ་བས་མང་བའི་ཕན་བདེའི་སྲིད་ཇུས་བྱུང་ནས་ལས་རིགས་སྔར་བས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མ་རྨོས་ལོ་ཏོག་མཛོད་ཉར་འཕྲི་མགྱོགས་སུ་གཏོང་རྒྱུ། ལས་རིགས་ཧྲིལ་པོ་འཕེལ་རྒྱས་ཡོང་རྒྱུར་སྐུལ་ཁྲིད་བྱ་རྒྱུ་བཅས་ཡིན་པའི་སྔོན་དཔག་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།